《སྒྲ་སྦྱོར་བམ་པོ་གཉིས་པ་དང་འབྲེལ་བའི་སྒྱུར་ཐབས་ཞིབ་འཇུག》ཅེས་པ་འགྲེལ་སྤེལ་བྱས་པ།
མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་དགོས་པ་དངོས་པོ་འཕེལ་བའི་ཆོས་ཉིད་ཡིན་པས། རང་རེའི་ཁ་བའི་ལྗོངས་ཀྱི་རིག་གནས་གཏེར་མཛོད་ཁྲོད་ལོ་ཙཱའི་གཞུང་ལུགས་གསར་བ་ཞིག་ཆགས་པའི་རེ་སྒུག་དང་སྨོན་འདུན་སྒོས། ཐོག་མའི་སྟ་གོན་གྱི་ཚུལ་དུ་ལོ་ཙཱའི་གཞུང་མང་པོའི་སྒྱུར་ཐབས་བསྡུར་བའི་དཔེ་དེབ་སྟེ《སྒྲ་སྦྱོར་བམ་པོ་གཉིས་པ་དང་འབྲེལ་བའི་སྒྱུར་ཐབས་ཞིབ་འཇུག》ཅེས་པ་ད་ལྟ་དངོས་སུ་རྒྱ་ཆེའི་ཀློག་པ་པོའི་མིག་སྔར་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་བས། ལོ་ཙཱའི་ལས་ཀ་དང་ཆེད་ལས་གཉེར་བའི་སྤུན་ཟླ་ཡོངས་ཀྱི་ཐུན་མོང་གི་བསམ་བློའི་བགོ་སྐལ་དུ་སྨིན་པའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་ཞུའོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com