ཕྱུགས་སྨན་གྱི་རྩ་བའི་ཤེས་བྱ་ཞེས་པའི་དཔེ་དེབ།
ཕྱུགས་སྨན་གྱི་རྩ་བའི་ཤེས་བྱ།
ཕྱུགས་སྨན་གྱི་རྩ་བའི་ཤེས་བྱ་ཞེས་པའི་དཔེ་དེབ་འདི་ནི2011ལོར་དོན་འགྲུབ་ཀྱིས་སྒྲིག་སྦྱོར་བྱས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་དང་པར་དུ་བསྐྲུན་པའི་རོང་འབྲོག་པའི་ཚན་རྩལ་ཁྱབ་གདལ་གྱི་ཀློག་དེབ་དཔེ་ཚོགས་ཞེས་པའི་གྲས་ཤིག་ཡིན་ཞིང་། རྒྱ་ཆེ་བའི་རོང་འབྲོག་པའི་ཚན་རིག་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་དང་དེང་རབས་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་མཐུན་པའི་རོང་འབྲོག་པ་གསར་བ་སྐྱེད་སྲིང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་གཞིར་བྱས་ཐོག རོང་འབྲོག་མང་ཚོགས་ཀྱིས་ཚན་རིག་ཁྱབ་གདལ་སྐོར་གྱི་ཀློག་དེབ་འདི་དང་འདི་ལྟ་བུ་སློབ་སྦྱོང་དང་ལག་ལེན་བརྒྱུད་ནས་ཁོ་ཚོའི་ཐོན་སྐྱེད་ནུས་པ་དང་ཚོང་གཉེར་ཆུ་ཚད། འཚོ་བའི་བདེ་ཐང་གི་ཆུ་ཚད་བཅས་ཕྱོགས་གང་ཅིའི་ཐད་ནས་ཡར་ངོའི་ཟླ་བཞིན་འཕེལ་པའི་དགོས་མཁོར་དམིགས་ནས་སྨན་ལས་འཕྲོད་བསྟེན་དང་ཞིང་ཕྱུགས་ལས་ལག་རྩལ། ཁྲོམ་རའི་དཔལ་འབྱོར་ཤེས་བྱ། འཚོ་བའི་རྒྱུན་ཤེས། རང་བྱུང་གནོད་འཚེའི་འགོག་སྲུང་ཤེས་བྱ། ཁྲིམས་ལུགས་ཁེ་དབང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཉེར་མཁོའི་ཚན་རིག་ཤེས་བྱ་ཁག་དུ་མར་དབྱེ་ནས་རོང་འབྲོག་མང་ཚོགས་ལ་ཚན་རིག་རྒྱུན་ཤེས་ཀློག་དེབ་འདི་མཁོ་སྤྲོད་བྱས་པ་ཞིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com