སྒྲུང་གཏམ《རྨི་ལམ་འཁྲུག་པའི་ལོ》ཞེས་པའི་སྐོར་གྱི་བརྡ་འཕྲིན།
《རྨི་ལམ་འཁྲུག་པའི་ལོ》།
དེབ་འདིའི་རྩོམ་པ་པོ་ཧུ་ར་འཇའ་པེ་ལགས་ནི1982ལོར་སི་ཁྲོན་རྔ་བ་ཁུལ་རྐ་ཆུ་རྫོང་དུ་སྐྱེས། ད་ལྟ་རྫོང་དེའི་བོད་ཡིག་སློབ་འབྲིང་དུ་དབྱིན་ཡིག་དགེ་རྒན་གྱི་ལས་ཀ་སྒྲུབ་བཞིན་ཡོད། ཁོའི་བརྩམས་ཆོས《Tསྡེ་བ》ལ་སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མྱོང་ཞིང་ཁོ་ནི་བོད་རིགས་ཀློག་པ་པོ་མང་པོར་བག་ཆགས་ཟབ་པའི་གཞོན་སྐྱེས་རྩོམ་པ་པོ་ཞིག་ཀྱང་རེད། སྒྲུང་རིང《རྨི་ལམ་འཁྲུག་པའི་ལོ》ཞེས་པ2009ལོར་པར་དུ་བསྐྲུན་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། ད་ཐེངས་པར་ཐེངས་དང་པོར་དཔར་གྲངས་ཉུང་བ་དང་ཡི་གེ་གཏག་ནོར་ཐེབས་པ་སོགས་ལ་དམིགས་ནས་ཞུ་དག་བགྱིས་ཏེ་བསྐྱར་པར་བྱས་ཡོད་ཅིང་མི་འགྱངས་བར་བོད་ཁམས་ཀྱི་དཔེ་ཚོང་ཁང་སོ་སོར་འགྲེམ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com