ལུང་རིན་ཆེན་གྱི་བསྒྱུར་རྩོམ 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་འགྲིམ་ཡུལ་རྣམ་བཤད》ཞེས་པ་པར་བསྐྲུན་བྱས།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-10-12 09:22:00 ཀློག་གྲངས།:

 
《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་འགྲིམ་ཡུལ་རྣམ་བཤད》ཀྱི་མདུན་ཤོག

  ཉེ་སྔོན། ལུང་རིན་ཆེན་དང་མེ་ཏོག་གཉིས་ཀྱིས་མཉམ་དུ་བརྩམས་པའི 《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་འགྲིམ་ཡུལ་རྣམ་བཤད》 ཞེས་པ་མེ་ཏོག་མཁར་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
  《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་འགྲིམ་ཡུལ་རྣམ་བཤད》ཞེས་པ་དེ་ནི་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ངོ་མཚར་ཞིང་ཡུན་ཐུང་བའི་མི་ཚེ་རྒྱབ་ལྗོངས་སུ་བྱས་ཏེ། ཁོང་གི་ཞབས་རྗེས་འབྲང་བཞིན་མཚོ་སྔོན་དང་། ལྷ་ས། སི་ཁྲོན། ནང་སོག རྒྱ་གར་སོགས་ཀྱི་ས་ཁུལ་དུ་ཕྱིན་ནས། ཁོང་གི་སྙན་ངག་ཁྲོད་དུ་མི་ཚོར་བག་ཆགས་ཟབ་མོ་བཞག་པའི་ཡུལ་ལྗོངས་དག་འཚོལ་བཞིན། རྟོག་བཏགས་འཆར་ཡན་གྱིས་ཁེངས་པའི་ངོ་མཚར་གནས་མཇལ་གྱི་ལམ་བུ་ཞིག་བཞེངས་བསྐྲུན་བྱས་ཡོད། དེབ་འདིའི་ནང་དུ་ས་ཁུལ་སོ་སོའི་མཛེས་སྡུག་ཡིད་དུ་འོང་བའི་པར་རིས་དང་ཐང་གའི་རི་མོ་སོགས་ཀྱང་ཡོད་པས། ཆོས་ལུགས་ཀྱི་མཚོན་དོན་ཟབ་པའི་མི་ཆོས་ཡུལ་སྐོར་གྱི་དཔེ་དེབ་ཞིག་རེད། དཔེ་དེབ་འདི་འཁྱེར་ནས་ཁྱོད་རང་ཚངས་དབྱངས་རྒྱ་མཚོའི་ཞབས་རྗེས་འབྲང་བཞིན་བོད་ཁུལ་གྱི་ཡུལ་ཁམས་སོ་སོར་གནས་སྐོར་བྱས་ཆོག་ལ། ཚངས་དབྱངས་རྒྱ་མཚོ་དང་མཉམ་དུ་བགྲོད་སྟབས་འགྲིག་པ་ལྟ་བུའི་ཡུལ་སྐོར་ཐེངས་ཤིག་ཉམས་སུ་མྱངས་ཆོག
  དེབ་འདིའི་ནང་དུ་བོད་ལྗོངས་ཀྱི་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན་གྱིས་ཡིག་སྒྱུར་བྱས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་ཚན་པ124བསྡུ་སྒྲིག་བྱས་ཡོད་པ་དང་། སྒྱུར་ཡིག་འདི་ནི་ད་ལྟའི་བར་དུ་དར་ཁྱབ་བྱུང་བའི་སྒྱུར་ཡིག་ཡོངས་ཀྱི་ཁྲོད་ནས་མ་ཡིག་དང་ཆེས་མཐུན་པ་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།