ཉེ་ལམ་བོད་ཀྱི་འབོལ་རྩོམ་ལོ་དེབ《དུས》ཞེས་པ་པར་དུ་སྐྲུན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-13 09:23:00 ཀློག་གྲངས།:


འབོལ་རྩོམ་ལོ་དེབ《དུས》།

            འབོལ་རྩོམ་ལོ་དེབ《དུས》ནི་བོད་ཀྱི་རྩོམ་མཁན་གྲགས་ཅན་ལྷམ་ཀོག་དང་སེང་རྡོར། ཁྱུང་བཟང་། ཁ་བ་ལྷ་མོ། རྩེ་སྐར། གཞི་རིམ་པ། གཅན་རྣམ་ཐར། རླངས་ཚང་གཡག    ཆོས་ཤུལ་གསང་བདག་སོགས་དང་། ན་གཞོན་རྩོམ་པ་པོ་གླག་དང་གསོམ་བུ། སྟག་མིག རྩེ་སྲས་ཨ་རྡོ། ཞོགས་ཆར། ཞོགས་གཞོན། བཙན་སྒྲ། གཏར་གྲི་བཅས་དང་། ད་དུང་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་སྐོར་ཞིག་བཅས་ཀྱི་སྤྱི་ཚོགས་སློབ་གསོ་དང་སློབ་གླིང་སློབ་གསོ་གཙོ་བྱས་པའི་རྩོམ་ཡིག22ཙམ་གྱིས་གྲུབ་པ་ཞིག་ཡིན་ལ། ད་ལྟའི་རང་རེའི་རིག་གནས་དང་བསམ་བློའི་འདུ་ཤེས་ཀྱི་རྨང་སྲབ་སའི་ཤེས་ཡོན་པའི་སྡེ་ཁག་སྟེ་ས་གནས་ཁག་གི་འབྲིང་རིམ་སློབ་གྲྭ་དག་གི་སློབ་མ་དང་དགེ་རྒན་གཙོ་བྱས་པའི་སྤྱི་ཚོགས་ལས་གནས་ཁག་ལ་བཀྲམ་ཅི་ཐུབ་བྱེད་ཀྱིན་ཡོད།


འབོལ་རྩོམ་ལོ་དེབ《དུས》ཀྱི་མདུན་ཤོག

འབོལ་རྩོམ་ལོ་དེབ《དུས》ཀྱི་རྒྱབ་ཤོག

            ཐེངས་དང་པོའི《དུས》ཀྱི་ནང་ཁོག་ན་ཕྱི་ཁོག་གང་རུང་ན་མ་ནུས་པ་དང་མ་འདང་བའི་ཆ་མི་ཉུང་བ་རེ་འགའ་ཡོད་ནའང《དུས》ཀྱིས་རེ་བ་སྣུམ་པོ་ཞིག་སྒོམ་ནས་མུ་མཐུད་དུ་མདུན་ལྗོངས་ཀྱི་གཡུལ་ས་དག་ལས་ཤུགས་ཀྱིས་བརྒལ་རྩིས་ཡོད། ཕྲག་དོགས་དང་འཕྱ་དམོད་ཀྱི་རླུང་བུ་ཅི་ལྟར་ལྡང་ནའང་རང་ཉིད་ཀྱི་དམིགས་འབེན་ཉག་གཅིག་ལ་ཤི་འཐམ་རོ་འཐམ་བྱས་ནས་མདུན་དུ་བསྐྱོད་རྒྱུའི་ཕུགས་བསམ་གོར་མོ་ཞིག་ཡོད།དེ་བས་རྒྱ་ཆེ་བའི་རྩོམ་པ་པོ་དང་ཀློག་པ་པོ་དག་གིས་ཡིད་ཆེས་དང་རྒྱབ་སྐྱོར་གྱི་ལག་ཟུང་དམ་དུ་སྦྲེལ་ནས་དངོས་ཤུགས་དང་སེམས་ཤུགས་གང་རུང་ནས་གཞོག་འདེགས་རེ་བྱེད་རྒྱུའི་རེ་བ་ཡོད་ལགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།