རྗེ་བཙུན་དམ་པ་ཤེས་རབ་རྒྱ་མཚོའི་རྣམ་ཐར་ཞེས་པ་པར་དུ་སྐྲུན་པ།
རྗེ་བཙུན་དམ་པ་ཤེས་རབ་རྒྱ་མཚོའི་རྣམ་ཐར།
ཉེ་ལམ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་རྗེ་བཙུན་དམ་པ་ཤེས་རབ་རྒྱ་མཚོའི་རྣམ་ཐར་ཞེས་པའི་དེབ་ཆུང་འདི་ནི། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ཉེ་རབས་བོད་ཀྱི་འགྲན་ཟླ་བྲལ་བའི་བོད་ཀྱི་མཁས་ཆེན་འབྲས་སྤུངས་སྒོ་མང་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོའི་མཛད་རྣམ་སྐོར་རྒྱས་བསྡུས་གསལ་དག་སྒོས་ངོ་སྤྲོད་ཆ་ཚང་གནང་བའི་བོད་རྒྱ་ཤན་སྦྱར་གྱི་དེབ་ཞིག་ཡིན།
དེབ་འདི་ནི་བོད་ཀྱི་གཞོན་སྐྱེས་ཐ་སྙད་རིག་གནས་པ་བཀྲ་ཤིས་ཚེ་བརྟན་ནས། དམ་པ་ཁོང་གི་གསུང་འབུམ་ཁྲོད་བཞུགས་པའི་དགེ་བའི་བཤེས་གཉེན་གྱི་ཐུགས་སྲས་འདུལ་བ་འཛིན་པ་ཆེན་པོ། ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ལགས་ནས་ལྗགས་རྩོམ་གནང་བའི་དགེ་བའི་བཤེས་རིན་པོ་ཆེ་མཆོག་གི་རྣམ་ཐར་ཕུན་ཚོགས་ལེགས་ལམ་གྱི་རྩེ་མོ་ཞེས་པ་ཀློག་མཁན་མང་པོའི་སྤྱན་གཟིགས་མ་བདེ་བའི་རྐྱེན་གྱིས་དགེ་བཤེས་ཁོང་གི་རྣམ་ཐར་ལ་འདྲིས་མེད་པའི་གནས་ཚུལ་ཐོན་པར། རྣམ་ཐར་དེ་རྒྱ་ཡིག་ཏུ་བསྒྱུར་བ་དང་ཆབས་གཅིག་ཏུ་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་མཆོག་གི་རྣམ་ཐར་བོད་རྒྱ་གཉིས་ཀྱི་ལམ་ནས་བརྩམས་ཤིང་། དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་མཆོག་གི་ལོ་རེའི་མཛད་རྣམ་གསལ་བསྡུས་ཀྱི་ལོ་ཚིགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྤེལ་ཞིང་། དེ་སྔ་ཀློག་མཁན་མང་པོའི་སྤྱན་ལམ་དུ་བསྟར་མེད་པའི་དམ་པ་ཁོང་དང་འབྲེལ་ཡོད་ཀྱི་པར་རིས་ཁ་ཤས་གུང་བསྒྲིགས་ཏེ་བསྒྲུབས་པ་ཡིན།
དེང་དུས་ཟླ་བྲལ་གྱི་མཁས་དབང་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་དང་བོད་ཀྱི་རིག་གནས་མ་ཧྰ་ཙི་ནའི་སྐད་ཀྱི་ལམ་ནས་འཆད་རྩོད་རྩོམ་གསུམ་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་མཁན་མཁས་དབང་དཔལ་འབར་རྡོ་རྗེ་རྣམ་གཉིས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་མཚམས་སྦྱོར་མཚོན་བྱེད་ཀྱི་བདེན་གཏམ་དྲི་མ་མེད་པའི་ངག་གི་ཕྲེང་བའི་སྔུན་བསུས་ཡོད་པའི་གཟིགས་ཀློག་གི་དགེ་མཚན་དང་དཔྱད་གཞིའི་རིན་ཐང་ཡོད་པའི་དེབ་གསར་ཞིག་ཏུ་མཐོང་ངོ་། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com