གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ་ཞེས་པ་ཟླ་དྲུག་པར་པར་སྐྲུན་མཛད་པ།

རྩོམ་པ་པོ།:རིན་ཆེན་སྐྱིད། ཡོང་ཁུངས།:མཚོ་སྔོན་བོད་རིགས་དྲ་བ། དུས་ཚོད།:2011-08-04 10:10:00 ཀློག་གྲངས།:

  ཟླ6པར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་ཚོགས་པའི་ལས་འཛིན་སྐུ་ཞབས་ཞྭ་ཁྲའི་དབང་གྲགས་ཀྱིས་གཙོ་སྒྲིག་མཛད་པའི《མདོ་སྨད་ལྷོ་ཕྱོགས་ཀྱི་རྨ་འགྲམ་བཙན་རྫོང་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ》ཞེས་པ་རྩོམ་སྒྲིག་དང་། པར་སྐྲུན། ཁྱབ་སྤེལ་སོགས་ཀྱི་བྱ་བ་ཡོངས་སུ་འགྲུབ་པ་རེད།


མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་མདོ་བ་ཀུན་བཟང་ཤེས་རབ་དང་གཙོ་སྒྲིག་པ་སྐུ་ཞབས་དབང་གྲགས་སོགས།

  དེབ་འདི་ནི་སྤྱི་ལོ2000ལོར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་བཅས་ནས་བོད་རིགས་ས་ཁུལ་དུ་གཅན་ཚ་སོགས་ཡུལ་གྲུ་བཅུ་དྲུག་ཙམ་ལ་སྤྱི་ལོ1949ལོའི་སྔོན་གྱི་གྲོང་སྡེའི་ལོ་རྒྱུས་བྲིས་ཆོག་པའི་ཆོག་མཆན་ཐོབ་ཅིང་། དེ་དང་མཉམ་དུ་ཕ་ཡུལ་གཅན་ཚ་ཡིན་པའི་སྐུ་ཞབས་དབང་གྲགས་ལགས་ཀྱིས་གཙོ་སྒྲིག་གི་འགན་གཙོ་བོ་ཕྲག་ཏུ་བཞེས་པ་དང་ཁོངས་མི་དུ་མ་རྩ་འཛུགས་བྱས་པ་ལས་སྐུ་ཞབས་བཀྲ་ཤིས་ལགས་ཀྱིས་རྩོམ་སྒྲིག་གི་འགན་ཁུར་ཏེ་ལོ་ངོ་བཅུ་གཅིག་རིང་གི་རྒྱུ་ཆ་བསྡུ་ལེན་དང་། ཞིབ་དག རྩོམ་སྒྲིག་གི་བྱ་བའི་ལས་ལ་བྲེལ་ཞིང་ངལ་བས། ད་ལོར་ང་ཚོའི་སྤྱན་སྔར་འདྲེན་བའི་ཤོག་གྲངས800ལྷག་དང་ཡིག་འབྲུ14,800,000ལྷག་གི་ལོ་རྒྱུས་རང་བཞིན་གྱིས་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ་ཞེས་པ་མཛད་པ་རེད།


མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་འཛིན་དང་གཅན་ཚ་ཡུལ་གྲུའི་སྲིད་པའི་
སྙིང་གཏམ་ཞེས་པའི་གཙོ་སྒྲིག་པ་སྐུ་ཞབས་དབང་གྲགས་ལགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།