《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》གསར་བ་དངོས་སུ་པར་སྐྲུན་བྱས།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཤིན་ལང་དྲ་བ། དུས་ཚོད།:2011-07-19 14:51:00 ཀློག་གྲངས།:


《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》།

            ཉེ་ལམ།  《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པའི་དཔེ་ཆ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། དེབ་དེ་པར་སྐྲུན་བྱས་པ་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་ལ། འབྲེལ་ཡོད་མི་སྣ་དག་གིས་དེ་ཉིད་སྔ་ན་མེད་པའི་བརྩམས་ཆོས་ཤིག་ཡིན་པར་བརྗོད་ཀྱིན་ཡོད་པ་རེད།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་ཆ་དེར་གདེང་འཇོག་མཐོན་པོ་གནང་ཞིང་། དེ་ལ་ཉར་ཚགས་རིན་ཐང་དང་རིག་གནས་རིན་ཐང་ཆེན་པོ་ལྡན་པར་བསྟན་པ་རེད། 
            ལོ་རྒྱུས་ཡིག་ཆ་ལྟར་ན། བོད་བཙན་པོའི་དུས་སྐབས་ཀྱི་མཛངས་བློན་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་སློབ་གཉེར་ལ་ཕེབས་ཤིང་ཕྱིར་བོད་དུ་ལོག་ནས་བོད་ཡིག་གསར་བཟོ་གནང་བ་དང་། དུས་སྐབས་དེར་བསྡོམས་པས་བོད་ཡིག18738ཡོད་པ་རེད།   ཕྱིས་སུ་བོད་རྒྱལ་གླང་དར་མས་སྲིད་དབང་སྐྱོང་སྐབས(ཕལ་ཆེར་ཡོན་རྒྱལ་རབས་ནུབ་མའི838---842བར་སྲིད་བསྐྱངས) སངས་རྒྱས་ཆོས་ལུགས་བསྣུབས་ཤིང་། དཔེ་གཞུང་རྩ་ཆེན་མང་པོ་བརླག་པས་བོད་ཡིག་ལ་དུས་རྒྱུན་སྤྱོད་པའི་ཡིག་འབྲུ8000ཡས་མས་ཙམ་ལྷག་པ་ལས་གཞན་ཚང་མ་མེད་པར་གྱུར་བ་རེད། 
            རིན་ཆེན་ནོར་བུ་ལྟ་བུའི་བོད་ཡིག་འདི་གསར་སྤེལ་དང་རྒྱུན་འཛིན་བྱ་ཆེད། ཞི་ཆེན་དགོན་པའི་འཇིགས་མེད་དཔལ་བཟང་སྤྲུལ་སྐུས་ཆེད་དུ་《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པ་སྒྲིག་རྩོམ་གནང་ཞིང་། དེའི་ཆེད་དུ་ཁོང་གིས་ལོ་རྒྱུས་ཡིག་ཆ་གང་མང་བཀླགས་པ་མ་ཟད་སྒྲ་དང་ཚད་མ་རིག་པ་སོགས་འབྲེལ་ཡོད་ཤེས་བྱ་ལ་ཞིབ་པར་སྦྱངས་པ་རེད། ལོ་ངོ་བརྒྱད་ཀྱི་ཡར་སྔོན་དུ། ཁོང་གིས་ཀ་ཐོག་དགོན་དུ་ཟླ་ངོ་བཞིའི་དུས་ཚོད་སྤྱད་དེ་《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པ་སྒྲིག་རྩོམ་གནང་བ་དང་། དེའི་རྗེས་ཀྱི་ལོ་ངོ་བདུན་བརྒྱད་ཙམ་གྱི་རིང་ལ་འཇིགས་མེད་དཔལ་བཟང་སྤྲུལ་སྐུ་ཁོང་གིས་ཞུ་དག་དང་དག་སྒྲིག འཐུས་ཚང་དུ་བཏང་བ་དང་། ནང་དོན་འཚོལ་བདེ་བའི་ཆེད་དུ་ཁོང་གིས་ད་དུང་བོད་ཡིག་གི་འབྲེལ་ཡོད་ནང་དོན་འཚོལ་སྟངས་གསར་དུ་བཏོད་ཅིང་། 2011ལོའི་ཟླ5པར། 《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།

 

ཟུར་བཀོད། 

《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》གི་མཚམས་སྦྱོར་མདོར་བསྡུས།

            བོད་བཙན་པོའི་དུས་སྐབས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་བློན་ཆེན་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ཏེ། ཡིག་རིགས་སུམ་བརྒྱ་དྲུག་ཅུ་རྩ་བཞི་དང་། སྒྲ་དང་ཚད་མ་རིག་པ་སོགས་སློབ་དུ་བཅུག་ནས་ཕྱིར་བོད་དུ་ལོག་རྗེས། རྒྱ་གར་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་གསར་བཟོ་མཛད་ཅིང་། 《མདོ་སྡེ་དཀོན་མཆོག་སྤྲིན》སོགས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་ཡིག་ཏུ་བསྒྱུར་བ་དང་། བོད་ཡིག་ནི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལས་གྲུབ་པའི་སྒྲ་སྦྱོར་གྱི་ཡི་གེ་ཞིག་ཡིན་ལ། བཤད་ཚུལ་ལྟར་ན། བོད་བཙན་པོའི་དུས་སུ་བོད་ལ་རང་གི་ཡི་གེ་ཡོད་ཅིང་དེ་ནི་བོན་དང་འབྲེལ་བའི་དོན་དག་རྣམས་ཡི་གེར་འགོད་བྱེད་ཙམ་ཡིན་ལ། ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་ལ་དཔེར་བལྟས་ཏེ་སྔ་མའི་བོད་ཀྱི་ཡི་གེ་དེར་ལེགས་བཅོས་མཛད་ནས་འཐུས་ཚང་དུ་བཏང་བ་ཡིན་པ་དང་། སྐབས་དེར་བསྡོམས་པས་ཡི་གེ18738ཡོད་པ་རེད།
            ཕྱིས་སུ་བོད་རྒྱལ་གླང་དར་མས་སྲིད་དབང་སྐྱོང་སྐབས(ཕལ་ཆེར་ཡོན་རྒྱལ་རབས་ནུབ་མའི838---842བར་སྲིད་བསྐྱངས) སངས་རྒྱས་ཆོས་ལུགས་བསྣུབས་ཤིང་། དཔེ་གཞུང་རྩ་ཆེན་མང་པོ་བརླག་པས་བོད་ཡིག་ལ་དུས་རྒྱུན་སྤྱོད་པའི་ཡིག་འབྲུ8000ཡས་མས་ཙམ་ལས་གཞན་ཚང་མ་མེད་པར་གྱུར་བ་རེད།  དེ་སྔོན་ཀ་ཐོག་དགོན་པའི་སྤྲུལ་སྐུས་སྔོན་ཆད་བོད་ཡིག་ལ་ཡིག་གྲངས18738ཡོད་པར་གསུངས་མྱོང་། འོན་ཀྱང་བོད་ཡིག་དེ་དག་གང་འདྲ་ཡིན་ཚུལ་གསལ་བཤད་གནང་ཡོད་པ་མ་རེད། 
            རིན་ཆེན་ནོར་བུ་ལྟ་བུའི་བོད་ཡིག་འདི་གསར་སྤེལ་དང་རྒྱུན་འཛིན་བྱ་ཆེད། འཇིགས་མེད་དཔལ་བཟང་སྤྲུལ་སྐུས་ཆེད་དུ《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པ་རྩོམ་སྒྲིག་གནང་ཞིང་། དེའི་ཆེད་དུ་ཁོང་གིས་ལོ་རྒྱུས་ཡིག་ཆ་གང་མང་བཀླགས་པ་མ་ཟད་སྒྲ་དང་ཚད་མ་རིག་པ་སོགས་འབྲེལ་ཡོད་ཤེས་བྱ་ལ་ཞིབ་པར་སྦྱངས་པ་རེད། ལོ་ངོ་བརྒྱད་ཀྱི་ཡར་སྔོན་དུ། ཁོང་གིས་ཀ་ཐོག་དགོན་དུ་ཟླ་ངོ་བཞིའི་དུས་ཚོད་སྤྱད་དེ《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པ་སྒྲིག་རྩོམ་གནང་བ་དང་། དེའི་རྗེས་ཀྱི་ལོ་ངོ་བདུན་བརྒྱད་ཙམ་གྱི་རིང་ལ་འཇིགས་མེད་དཔལ་བཟང་སྤྲུལ་སྐུ་ཁོང་གིས་ཞུ་དག་དང་དག་སྒྲིག འཐུས་ཚང་དུ་བཏང་བ་དང་། ནང་དོན་འཚོལ་བདེ་བའི་ཆེད་དུ་ཁོང་གིས་ད་དུང་བོད་ཡིག་གི་འབྲེལ་ཡོད་ནང་དོན་འཚོལ་སྟངས་གསར་དུ་བཏོད་ཅིང་། 2011ལོའི་ཟླ5པར། 《གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད། དེབ་དེ་པར་སྐྲུན་བྱས་པ་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཁྲོད་ཀྱི་རྡོ་རིང་ལྟ་བུའི་བརྩམས་ཆོས་སུ་འགྱུར་ཐག་ཆོད་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།