《གངས་རིའི་བུ་མོ》དེབ་བཞི་བ་པར་སྐྲུན་ལེགས་འགྲུབ་བྱུང་བ།
《གངས་རིའི་བུ་མོ》དེབ་བཞི་བ།
གངས་རིའི་བུ་མོ་ནི་བོད་ཁམས་ཀྱི་ཆེས་ཐོག་མའི་སྐྱེས་མའི་རྩོམ་རིག་ལོ་དེབ་ཡིན་ལ། གཙོ་སྒྲུབ་པ་ཧོར་གཙང་ཀླུ་རྒྱལ་གྱིས་མ་སྐུལ་དང་བླངས་སྒོས་གཉེར་བའི་སྐྱེས་མའི་རྩོམ་རིག་གི་དེབ་ཅིག་ཡིན། བོད་ཀྱི་སྐྱེས་མ་ན་གཞོན་རྩོམ་པ་པོ་བསྐྱེད་བསྲིང་བྱེད་པར་དམིགས་ནས་ཆེད་དུ་པར་སྐྲུན་བྱས་པའི་དེབ་ཉག་ཅིག་ཡིན། སྤྱིའི་དེབ་གྲངས་དང་པོ་ནས་གསུམ་པའི་བར་དུ་སྔ་ཕྱིར་དཔྱད་རྩོམ་སོ་གཉིས་དང་། ལྷུག་རྩོམ་སུམ་ཅུ། སྙན་ངག་དྲུག་ཅུ་རེ་ལྔ། འབོལ་རྩོམ་བཅུ་གཉིས་བཅས་བསྡོམས་པས་སྐྱེས་མའི་བརྩམས་ཆོས་བརྒྱ་དང་སུམ་ཅུ་སོ་གཅིག་ལྷག་བཀོད་ལ། དེ་བཞིན་དུ་སྐྱེས་མ་རྩོམ་པ་པོ་མི་ཉུང་བ་ཞིག་གསོ་སྐྱོང་བྱེད་རྒྱུའི་འོས་འགན་ཕྲག་ཏུ་བླངས་ཡོད།
གངས་རིའི་བུ་མོའི་ལོ་དེབ་ནི་སྤྱིའི་དེབ་གྲངས་དང་པོ་ནི2006ལོ་ནས་འཆར་གཞི་དང་གྲ་སྒྲིག་བྱས་ཏེ། 2007ལོར་པར་སྐྲུན་བྱས་ཤིང་། དེ་དང་ཆབས་ཅིག“གངས་རིའི་བུ་མོའི་འཁྲུངས་སྐར་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་བགྲོ་གླེང་ཚོགས་འདུ”ཞེས་པ་མདོ་ལྷོ་གཙོས་གྲོང་ཁྱེར་དུ་བསྡུས་ཤིང་དེའི་སྟེང་དུ་ཆེས་ཐོག་མར་ལོ་དེབ་འདི་རྒྱ་ཆེའི་ཀློག་པ་པོའི་མིག་སྔར་བཀྲམ་པ་ཡིན། དེ་དང་མཉམ་དུ་ཧོར་གཙང་ཀླུ་རྒྱལ་གྱིས་གཙོ་འགན་ཁུར་ནས《གངས་རིའི་བུ་མོའི་རྩོམ་རིག་གླེང་སྟེགས》སྐབས་དང་པོ་དང་གཉིས་པ། གསུམ་པ། བཞི་བ་བཅས་ཀན་ལྷོ་གཡང་ལྡན་ཕྱུག་མོ་དང་། མཚོ་སྔོན་མི་རིགས་སློབ་ཆེན །ལན་གྲུ་གྲོང་ཁྱེར། ཁྲི་འདུ་སོགས་ནས་སྔ་རྗེས་སུ་འཚོགས་ཤིང་། དེ་གཙོ་བོ་བོད་ཀྱི་སློབ་ཆེན་བུ་མོའི་བསམ་བློའི་འདུ་ཤེས་བསྐྱེད་བསྲིང་དང་། འཆད་པའི་བློ་སྤོབས་སྦྱོང་བརྡར ། རྩོམ་རིག་བློ་རྩལ་གསོ་སྐྱོང་བྱེད་རྒྱུར་དམིགས་ནས་སྒྲུབ་པ་ཡིན།
གངས་རིའི་བུ་མོ་དེབ་དང་པོ་ནས་གསུམ་པའི་བར་དུ་སྒེར་གཉེར་གྱིས་པར་སྐྲུན་བྱས་པ་ཡིན་ཞིང་། གངས་རིའི་བུ་མོའི་ཚེ་སྲོག་གི་རྒྱུན་ཡུན་རིང་དུ་བརྟན་ཕྱིར་ངེད་རྩོམ་སྒྲིག་པས་རང་ནུས་ཅི་ལྕོགས་ཀྱིས་ད་ལོ་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པས། རྒྱ་ཆེའི་ཀློག་པ་པོའི་འདོད་བློ་དང་མཐུན་པར་སྨོན། ད་ལོའི་གངས་རིའི་བུ་མོ་འགྲེམ་སྤེལ་ལྟེ་གནས་ནི་ས་གནས་སོ་སོའི་ཞིན་ཧྭ་དཔེ་མཛོད་ཁང་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com