《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད་》ཞེས་པའི་དཔེ་དེབ་པར་དུ་བསྐྲུན་པ།

རྩོམ་པ་པོ།:སྒྲོལ་མ། ཡོང་ཁུངས།: བོད་མིའི་རིག་གནས་དྲ་བ། དུས་ཚོད།:2011-06-08 09:44:00 ཀློག་གྲངས།:

        ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་《སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད་》ཞེས་པའི་དཔེ་དེབ་པར་དུ་བསྐྲུན་ཡོད་ལ།  དཔེ་དེབ་འདིའི་རྩོམ་པ་པོ་ནི་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་བ་སྐད་གྲགས་ཅན་དང་། བོད་རིག་ཞིབ་འཇུག་ཁང་གི་འགན་འཛིན།     རབ་འབྱམས་པའི་ཁྲིད་སྟོན་དགེ་རྒན་དང་བོད་ཀྱི་བརྡ་སྤྲོད་ཆེད་མཁས་པ་ལྕགས་ཐར་རྒྱལ་ལགས་ཡིན་པ་རེད།
        དཔེ་དེབ་འདིར་ནང་དོན་གཙོ་བོ་ཁག་གཉིས་ཚུད་ཡོད་ཅིང་། ཁག་དང་པོ་ནི་《སྐད་ཆ་ནི་མི་རིགས་ཀྱི་བླ་སྲོག》དང་།《སྐད་ཆ་ནི་མི་རིགས་ཀྱི་བསམ་བློ་དང་རིག་གནས་ཀྱི་སྲོག་ཤིང་།》《དམངས་སྲོལ་དང་བརྡ་སྤྲོད་བར་གྱི་འབྲེལ་བ།》《ཨ་མདོའི་ཡུལ་སྐད་ཀྱི་ཁྱད་ཆོས་དང་དེའི་འབྱུང་རྐྱེན་སྐོར་གྱི་ཞིབ་འཇུག》སོགས་ས་བཅད་ཀྱིས་གྲུབ་ཡོད་ཅིང་།  ཁག་གཉིས་པ་ནི་ལོ་རྒྱུས་སྐོར་གྱི་ཞིབ་འཇུག་ཡིན་ཞིང་། དེ་ཡང་《བོད་དང་འཇང་རིགས་བར་གྱི་རིག་གནས་ཀྱི་འབྲེལ་བ》དང་། 《བོད་བཙན་པོའི་སྐབས་ཀྱི་སྲིད་སྐྱོང་ཐབས་ཇུས་གཙོ་བོའི་སྐོར་གྱི་ཞིབ་འཇུག》སོགས་ས་བཅད་ཀྱིས་གྲུབ་ཡོད་པ་རེད། དཔེ་དེབ་འདིར་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་ཞིབ་འཇུག་ཕྱོགས་ལ་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་པར་བློ་སྒོ་འབྱེད་པའི་བྱེད་ནུས་ཀྱང་ལྡན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།