《བོད་ཀྱི་སྲོལ་རྒྱུན་དམངས་གཞས་བདམས་བསྒྲིགས》ཞེས་པའི་དཔེ་སྐྲུན་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:ཚངས་དབྱངས། ཡོང་ཁུངས།:ཚངས་དབྱངས་དྲ་ཚིགས། དུས་ཚོད།:2011-05-12 10:07:00 ཀློག་གྲངས།:


《བོད་ཀྱི་སྲོལ་རྒྱུན་དམངས་གཞས་བདམས་བསྒྲིགས》

            བོད་ཀྱི་གླུ་དབྱངས་སྒྱུ་རྩལ་པ་གྲགས་ཅན་རྡོ་རྗེ་ཚེ་རིང་དང་། ཁོང་གི་ལས་རོགས་བསྟན་འཛིན་ཟླ་བ་དང་ལྷག་པ་ཚེ་རིང་རྣམ་གསུམ་གྱིས་ལོ་མང་རིང་སྐུ་ངལ་བསྐྱོན་པ་བརྒྱུད་འཚོལ་བསྡུ་ལེགས་སྒྲིག་གནང་བའི《བོད་ཀྱི་སྲོལ་རྒྱུན་དམངས་གཞས་བདམས་བསྒྲིགས》ཞེས་པ་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་ལེགས་གྲུབ་བྱུང་བ་རེད།  


དཔེ་ཆའི་ནང་ངོས།


《བོད་ཀྱི་སྲོལ་རྒྱུན་དམངས་གཞས་བདམས་བསྒྲིགས》ཞེས་པ་
         འཚོལ་བསྡུ་དང་ལེགས་སྒྲིག་གནང་མཁན་རྣམ་པ་གསུམ།
          

            དཔེ་དེབ་དེའི་ནང་ལྷ་སའི་ནང་མ་སྟོད་གཞས་དང་གར་གླུས་གཙོས་པའི་མངའ་རིས་དང་།  གཞིས་རྩེ། ལྷོ་ཁ། ཀོང་པོ།  ནག་ཆུ། ཆབ་མདོ།  ཨ་མདོ།  བདེ་ཆེན།  ཤར་པ།  འབའ་ཐང་བཅས་བོད་ཀྱི་ས་ཁུལ་ཁག་གི་དམངས་གཞས་དང་ཆང་གཞས་ལེགས་འདེམས་བྱས་ཡོད་པ་དང་།  དམངས་གཞས་དེ་དག་གི་གཞས་ཚིག་ཙམ་དུ་མ་ཟད། གཞས་གདངས་ཀྱི་དབྱངས་ཡིག་ཀྱང་གསལ་བཀོད་གནང་འདུག  ད་དུང་གླུ་གཞས་ཀྱི་ནང་དོན་མདོར་བསྡུས་རྒྱ་ཡིག་ཐོག་སྒྱུར་ཞུས་ཀྱིས་ཞར་བཀོད་གནང་འདུག་པས་འབྲེལ་ཡོད་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོད་པར་བསམ་ནས་ད་ལམ་འདིར་ཆེད་དུ་འོས་སྦྱོར་ཞུས་པ་ལགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།