མཁར་ལྷ་སྲུང་སྐྱབས་ཀྱི་སྙན་དེབ་ཐོག་མ《སྒྱུ་མའི་གྲོང》ཞེས་པ་དཔར་བསྐྲུན་བྱས་ཡོད།
མཁར་ལྷ་སྲུང་སྐྱབས་ཀྱི་སྙན་དེབ་ཐོག་མ《སྒྱུ་མའི་གྲོང》།
མཁར་ལྷ་སྲུང་སྐྱབས་ཀྱི་སྙན་དེབ་ཐོག་མ《སྒྱུ་མའི་གྲོང》ཞེས་པ་དེ་གངས་ལྗོངས་རིག་གནས་དར་སྤེལ་ཞབས་ཞུ་ལྟེ་གནས་ནས་དཔར་བསྐྲུན་འགྲེམ་སྤེལ་བྱས་ཞིང་སྙན་དེབ་དེ་ནི་དག་ཞིང་དང་རྨི་ལམ་བར་གྱི་སྐད་ཆ། འཚོ་བ་དང་སེམས་པའི་བར་གྱི་སྐད་ཆ། སྒྱུ་འཕྲུལ་དང་དུང་ཞེན་བར་གྱི་སྐད་ཆ། མནོ་བསམ་དང་ཆོས་ཉིད་བར་གྱི་སྐད་ཆ་བཅས་དོན་ཚན་བཞིའི་སྒོ་ནས་ཚིགས་བཅད་སྙན་ངག་གི་རྩོམ་ལུས་གཙོ་བྱས་ཤིང་སློབ་སྦྱོང་གི་ཞོར་དུ་བྲིས་པའི་སྙན་དེབ་ཅིག་ཡིན།
སྙན་དེབ་འདིའི་ནང་དུ་རྩོམ་པ་པོའི་བརྩེ་དུང་དང་དགའ་འཛོམས། གྱེས་བྲལ་དང་དྲན་གདུང་། འཚོ་བའི་ཁྲོད་བྱུང་བའི་ཡིད་ཆད་དང་རེ་སྨོན། དཔའ་བ་དང་ཞུམ་པ་སོགས་རེས་མོས་སུ་འཁོར་བའི་སེམས་སྒྲ་དེ་མ་ཆད་མ་ལུས་པར་སྙན་ངག་བུ་མོའི་ལང་ཚོ་དང་འགྲོགས་ནས་ཀློག་པ་པོ་དག་གི་སྤྱན་ལམ་དུ་ཕུལ་ཡོད་པས། རྒྱ་ཆེའི་ཀློག་མཁན་དག་གིས་ཀྱང་གདེང་འཇོག་མི་དམན་པ་བྱེད་ཀྱིན་ཡོད་་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com