དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་གཉིས་པ།
བཀྲ་ཤིས་དཔལ་ལྡན་གྱི་ལྷུག་རྩོམ་དེབ《ས་སྲོས་ཀྱི་འཆར་སྒོ》
སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་གཉིས་པ་སྟེ་རྩོམ་པ་པོ་ཁྲི་སེམས་དཔའི་སྙན་དེབ《དིང་གླིང་ཁེར་འབུད》དང་། ལྷ་བྱམས་རྒྱལ་གྱི་སྒྲུང་རྩོམ་དེབ《ལམ་གྱི་ཉི་འོད》། རིག་ལྡན་རྒྱ་མཚོའི་སྒྲུང་རྩོམ་དེབ《གནའ་གྲོང》 ། ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རྩོམ་དེབ《སྡོམ་པ་སྲུང་བ》 ། བཀྲ་ཤིས་དཔལ་ལྡན་གྱི་ལྷུག་རྩོམ་དེབ《ས་སྲོས་ཀྱི་འཆར་སྒོ》བཅས་དངོས་སུ་དཔེ་ཚོང་ཁང་རྣམས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་ཞེས་པ་ནི་སྦྲང་ཆར་རྩོམ་སྒྲིག་ཁང་གིས་ཆེད་དུ་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་དག་ལ་དཔེ་བསྐྲུན་གོ་སྐབས་སྦྱིན་པའི་བོད་ཀྱི་རྩོམ་རིག་གི་ལས་དོན་རླབས་པོ་ཆེ་ཞིག་ཡིན་ལ། འདིས་གསར་བྱུང་རྩོམ་པ་པོ་གཙོ་ཡིན་པའི་བོད་ཀྱི་རྩོམ་རིག་ལ་སྔར་མེད་ཀྱི་རྒྱུ་ཆ་གལ་ཆེན་ཞིག་སྐྲུན་པ་ནས། གསར་རྩོམ་ལ་གཞོལ་མ་ཐག་གི་རྩོམ་པ་པོ་རྣམས་ལ་སེམས་ཀྱི་དམིགས་ས་ཞིག་དང་ཡིད་ཀྱི་དང་བ་སྟོན་སའི་ཕུགས་བསམ་གྱི་ཟམ་པ་ཞིག་ཀྱང་འཕངས་ནས་ཡོད།
རྒྱུས་ལོན་བྱས་པ་ལྟར་ན། དཔེ་ཚོགས་གསུམ་པ་དེ་དཔེ་སྐྲུན་གྲ་སྒྲིག་གིས་ལོངས་ནས་ཡོད་པ་ནི། བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་སོགས་རྩོམ་པ་པོ་སྐོར་ཞིག་གི་དེབ་ཡིན་པར་བཤད་ཅིང་། ལས་ཀ་འདི་མུ་མཐུད་དུ་ལོ་ལྔ་དྲུག་རིང་ལ་རྒྱུན་བསྲིང་གིས་བསྒྲུབ་ཀྱིན་ཡིན་པར་བཤད་ཀྱིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com