《བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་བྱུང་འཕེལ་ལོ་རྒྱུས》ཞེས་པ་པར་དུ་བསྐྲུན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་རིག་གནས་དྲ་བ།   དུས་ཚོད།:2011-03-28 10:40:00 ཀློག་གྲངས།:


《བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་བྱུང་འཕེལ་ལོ་རྒྱུས》


བཞུགས་མོལ་ཚོགས་ར།

            ཟླ3པའི་ཚེས23ཉིན་གྱི་ཕྱི་དྲོར། པེ་ཅིང་དུ་ཡོད་པའི་ཀྲུང་གོའི་དཔེ་ཚོང་ཁང་གི་རིན་བཅག་རྡེབ་ཚོང་ཚོམས་ཆེན་ནས་《བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་བྱུང་འཕེལ་ལོ་རྒྱུས》པར་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས།


《བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་བྱུང་འཕེལ་ལོ་རྒྱུས》ཀྱི་རྩོམ་སྒྲིག་པ་གཙོ་བོ་
ཞིའེ་ཅུ་ཧྲེང་གིས་གསུང་བཤད་གནང་བ།


དོན་གྲུབ་དབང་འབུམ་གྱིས་ཚོགས་ཐོག་ཏུ་གསུང་བཤད་གནང་བ།


དགེ་རྒན་ཆེན་མོ་ཝང་ཡའོ་ཡིས་བཞུགས་མོལ་སྟེང་གསུང་བཤད་གནང་བ།

            རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོའམ་རྒྱལ་ཁབ་རིག་དངོས་ཆོད་སྡོམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ནའོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཁང་གི་འགོ་གཙོ་ཝང་ཡའོ་སོགས་ཆེད་མཁས་པ་དང་རིག་པ་བ༢༠ལྷག་བཞུགས་མོལ་ཚོགས་འདུའི་སྟེང་ཕེབས་ཡོད།


ཅིན་ཝེ་ནའོ་ཡིས་ཚོགས་ཐོག་ཏུ་གསུང་བཤད་གནང་བ།


ཧྲང་ཧའེ་དཔེ་རིས་ཁང་གི་འགོ་གཙོ་ཝང་ལི་ཞང་།


སྤྱི་ཁྱབ་རྩོམ་སྒྲིག་པ་མ་ལི་ཧྭ་ཡིས་རྟེན་འབྲེལ་ཞུ་བ།

            རྩོམ་སྒྲིག་པ་གཙོ་བོ་ཞིའེ་ཅུ་ཧྲེང་གིས་རྩོམ་པ་པོ་རྣམས་ཀྱི་ཚབ་བྱས་ཏེ་གསུང་བཤད་གནང་ཞིང་། ཁོང་གིས་དེབ་དེ་ནི་བོད་རིག་པ་བ་འགས་ཞིབ་འཇུག་གི་གྲུབ་འབྲས་ཕྱོགས་གཅིག་ཏུ་བསྡུས་པ་དང་། རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་འཕེལ་རིམ་ངེས་ཅན་ཞིག་ལ་སླེབས་པའི་འབྲས་བུ་ཡིན་ཞེས་དང་། ལོ་ལྔ་ཚན་བཅུ་གཅིག་པའི་དཔེ་སྐྲུན་འཆར་འགོད་ཀྱི་རྣམ་གྲངས་གཙོ་བོའི་གྲས་སུ་བཞག་པ་མ་ཟད། རྒྱལ་ཁབ་ཀྱིས་པར་སྐྲུན་ཐེབས་རྩས་མ་དངུལ་རོགས་སྐྱོར་བྱས་ནས་དཔེ་སྐྲུན་བྱས་པའི་དཔེ་དེབ་གཙོ་བོ་ཞིག་ཀྱང་ཡིན་ཞེས་བཤད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།