གུར་མགོན་ཚེ་རིང་གིས་བརྩམས་པའི་མི་རབས་ཤིག་གི་ཉིན་འགའ་ཞེས་པའི་དཔེ་གསར་པར་སྐྲུན་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:རྡོ་འབུམ་དཔེ་འཕྲིན། དུས་ཚོད།:2011-01-20 10:27:00 ཀློག་གྲངས།:


མི་རབས་ཤིག་གི་ཉིན་འགའ་ཞེས་པའི་དཔེ་གསར། 

  བརྩམས་སྒྲུང་འདིའི་ནང་དུ་སློབ་གྲྭ་ཆེན་མོའི་འཚོ་བ་ལ་སུན་སྣང་གིས་ཁེངས་པའི་སློབ་མ་ཞིག་སློབ་ཁྲིད་ལ་མ་ཞུགས་པར་སློབ་གྲྭའི་སྒྲིག་ལམ་ལ་ཡང་ཡང་འགལ་ན་ཡང༌། སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་ཁོ་རང་ཕ་མེད་ཀྱི་དྭ་ཕྲུག་ཅིག་ཡིན་པ་ཤེས་ནས་མུ་མཐུད་དུ་སློབ་གཉེར་བྱ་རྒྱུའི་གོ་སྐབས་བྱིན་མོད། མཇུག་མཐར་ཁོས་གསར་དུ་ངོ་ཤེས་པའི་དཔེ་མཛོད་ཁང་གི་ལས་ཀ་བ་དཔལ་ཆེན་རྡོ་རྗེས་རང་གི་དགའ་མ་རྐྱེན་ལམ་དུ་བརྫངས་རྗེས་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་ཆ་ཉོ་བྱེད་ཀྱི་སྒོར་མོ་ཁྲི་ལྔ་བཅུ་འཁྱེར་ནས་གར་སོང་མ་ཤེས་པས། དེའི་ཉེས་སྐྱོན་རང་ཐོག་ལ་འབབ་པར་སྐྲག་ནས་མི་འདི་ཡང་སློབ་གྲྭ་ནས་རང་འགུལ་གྱིས་ཕྱིར་བུད་པ་རེད།
  མདོར་ན་དཔེ་དེབ་འདིའི་ནང་དུ་གཙོ་བོ་མིའི་ནང་སེམས་ཀྱི་འགྱུར་བ་བྲིས་པ་བརྒྱུད་ནས་རྩོམ་གྱི་བརྗོད་སྙིང་དེ་སར་ཐར་སོགས་ཀྱི་འཚོ་གནས་ལ་སྙིང་བོ་མེད་པར་སྨྲ་བའི་མཚན་ཉིད་རིག་པའི་གཞུང་ཁོག་ལ་བསྲིངས་ཡོད་པས་ལྟ་ཀློག་རིན་ཐང་ལྡན་པ་རེད།   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།