གཡུང་དྲུང་དཔེ་ཚོགས་དེབ་ཕྲེང་དང་བོ་ཐེག་ཆེན་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་པར་སྐྲུན་བྱས།
ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་པར་སྐྲུན་བྱས།
ཉེ་ལམ། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་སྒོས་གཡུང་དྲུང་དཔེ་ཚོགས་ཞེས་པའི་དཔེ་རྙིང་རྣམས་དེབ་གཟུགས་སུ་བཀོད་ནས་དཔར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་རེད། དཔེ་ཚོགས་འདིའི་བྱ་བའི་ཐད་ལ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་དང་ནག་ཆུ་ས་ཁུལ་རིག་གནས་ཅུའུ་ཡི་ནོར་བུ་བཀྲ་ཤིས། ཧོར་ཀླུ་ཕུག་དགོན་གྱི་དགེ་བཤེས་གཡུང་དྲུང་གཙུག་ཕུད་རྣམ་གསུམ་གྱིས་མ་དཔེ་འཚོལ་བསྡུ་དང་དག་སྒྲིག་གི་བྱ་བའི་འགན་ཁུར་བ་རེད།
གཡུང་དྲུང་དཔེ་ཚོགས།
གཡུང་དྲུང་དཔེ་ཚོགས་ཞེས་པ་ནི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་ལས་གཡུང་དྲུང་བོན་གྱི་རིག་གཞུང་བརྩམས་ཆོས་ཀྱི་དཔེ་རྙིང་དག་སྒྲིག་དང་དཔེ་སྐྲུན་བྱས་པའི་དཔེ་ཚོགས་ཤིག་ཡིན་ཞིང་། དཔེ་ཚོགས་འདིས་གཡུང་དྲུང་བོན་གྱི་དཔེ་རྙིང་དང་དཔེ་དཀོན་རིན་ཐང་ཅན་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་ཞིག་རེད། འདིའི་ནང་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་རིག་གནས་སྤྱི་དང་དེ་བཞིན་ཕྱི་ནང་གསང་གསུམ་གྱི་གཞུང་ལུགས་བཅས་ཚུད་ཡོད་པ་ཡིན།
དཔེ་ཚོགས་འདི་པར་སྐྲུན་བྱས་པ་ལས། བོད་ཀྱི་རིག་གནས་སྤྱི་དང་ནང་སྒོས་སུ་གཡུང་དྲུང་བོན་གྱི་དམིགས་བསལ་རིག་གཞུང་རྣམས་མི་ཉམས་གོང་དུ་སྤེལ་རྒྱུ་དང་ཉམས་པ་སོར་ཆུད་བྱེད་པ། དཔེ་རྙིང་རྣམས་མྱུར་སྐྱོབ་ཡོང་བ་དང་མི་རྣམས་ཀྱི་རྨོངས་མུན་སེལ་བར་དོན་སྙིང་གལ་ཆེན་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com