མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2010-12-15 10:31:00
ཀློག་གྲངས།:
ས་མིང་ནི་ལོ་རྒྱུས་ཀྱི་ཐོན་དངོས་ཤིག་ཡིན་པའི་ཆ་ནས་དེས་ལོ་རྒྱུས་ཀྱི་བརྡ་འཕྲིན་གང་མང་ཞིག་དང༌། མི་རྣམས་ཀྱི་སེམས་ལ་ངེས་པའི་རང་བྱུང་ཁམས་འདིའི་དངོས་གཟུགས་ཐད་ཀྱི་ཚོར་སྣང་དང་དེ་ལ་བཅངས་པའི་རེ་འདུན་བཅས་མཚོན་བཞིན་ཡོད་པས་ན། དེ་ནི་ལོ་རྒྱུས་རྒྱུན་མཐུད་དང་རིག་གནས་རྒྱུད་འཛིན་གྱི་རྣམ་པ་ཞིག་ཀྱང་ཡིན། ས་མིང་ནི་ཐ་སྙད་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་པར་མ་ཟད།ད་དུང་དེ་ནི་ས་མིང་གི་དངོས་གཟུགས་ཀྱི་ཁྲོད་དུ་གྲུབ་ཡོད་པའི་ལོ་རྒྱུས་རིག་གནས་ཀྱི་སྣང་བརྙན་ལྟ་བུ་ཞིག་ཡིན་ལ། ས་རྒྱུས་རིག་གནས་ཐད་ཀྱི་འགྱུར་རྡོ་ལྟ་བུ་ཞིག་ཀྱང་ཡིན། ས་མིང་གི་སྐད་གདངས་དང་གྲུབ་སྟངས། ཡང་ན་དེའི་བསྟན་དོན་དང་ཚིག་སྦྱོར་སོགས་ཕྱོགས་གང་ནས་བལྟས་ཀྱང༌། དེ་ནི་ཡུལ་ཁམས་ཀྱི་ལོ་རྒྱུས་དང༌། སྤྱི་ཚོགས་ཀྱི་འཚོ་བ། མི་རིགས་ཀྱི་སེམས་ཁམས་བཅས་དང་འབྲེལ་བ་ཤིན་ཏུ་དམ་ཞིང་མི་རིགས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན་ཕྱིར། དེས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་དང་ཡུལ་ཁམས་དེའི་རིག་གནས་མཚོན་བཞིན་ཡོད་པས། དེའི་ནང་དུ་རྩ་འགངས་ཆེ་བའི་རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་ཡང་འདུས་ཡོད།
མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་ཞེས་པའི་དཔེ་དེབ་འདི་ནི2007ལོར་རྩོམ་སྒྲིག་བྱེད་མགོ་བརྩམས་པ་ནས་བཟུང༌། སྔ་ཕྱིར་ལོ་ངོ་བཞི་འདས་ཏེ་ད་ལྟ་གཞི་ནས་པར་དུ་འགོད་ཐུབ་པ་བྱུང༌། ང་ཚོས་དེབ་འདི་འདྲ་ཞིག་རྩོམ་སྒྲིག་པར་སྐྲུན་བྱེད་པའི་དམིགས་ཡུལ་ནི། མཚོ་ལྷོ་ཁུལ་གྱི་ས་མིང་རིག་གནས་ཏེ། རྫས་སུ་མ་གྲུབ་པའི་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང༌། བོད་ཁམས་ཧྲིལ་བོའི་འགྲིམ་འགྲུལ་སྐྱེལ་འདྲེན་དང༌། ཡུལ་སྐོར་ལྗོངས་རྒྱུ། གསར་འགྱུར་འགོད་གཏོང༌། ས་རིས་ཐིག་འགོད་ལ་སོགས་པའི་ལས་རིགས་སོ་སོས་ཚན་རིག་གི་སྒོ་ནས་ཇུས་ཐག་གཅོད་པ་དང༌། དེ་དག་གི་བྱ་བ་དངོས་དང་འབྲེལ་བའི་དགོས་མཁོ་སྐོང་བ་དང༌། དེ་མིན་ད་དུང་ལོ་རྒྱུས་རིག་པ་དང༌། ས་རྒྱུས་རིག་པ། བོད་རིག་པ། རིག་གནས་མིའི་རིགས་རིག་པ། ས་མིང་རིག་པ་ལ་སོགས་པར་ཞིབ་འཇུག་གི་ཐུགས་འདུན་མངའ་བའི་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པ་ཚོར། ཆ་ཚང་ཞིང་ཚད་གཞི་དང་མཐུན་པ། ཞིབ་ཅིང་ཁུངས་འཕེར་བ་བཅས་ཀྱི་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་ས་མིང་བརྡ་འཕྲིན་ཉེར་སྤྱོད་དཔེ་དེབ་ཅིག་མཁོ་སྤྲོད་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།