༄༅༎《ཐའོ་ཞིན་ཀྲི་སློབ་གསོའི་གདམས་ངག་ཆེད་བཏུས》དཔེ་སྐྲུན་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-04-30 10:38:21 ཀློག་གྲངས།:
ཉེ་ལམ། དཀར་མཛེས་ཁུལ་གསེར་རྟ་སློབ་འབྲིང་གི་དགེ་རྒན་ཐུབ་བསྟན་གྲགས་པ་དང་། ཤེར་ལྡན་གཉིས་ཀྱིས་སློབ་ཁྲིད་ཀྱི་ཞོར་དུ་དུས་ཚོད་སྤྱད་ནས་བསྒྱུར་སྒྲིག་བྱས་པའི《ཐའོ་ཞིན་ཀྲི་སློབ་གསོའི་གདམས་ངག་ཆེད་བཏུས》ཞེས་པ་འདི་ཉིད་དངོས་སུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
“རྣ་གཉིས་ཀྱིས་ཕྱི་རོལ་ཡུལ་ལ་མི་ཉན་ཞིང་། སེམས་གཅིག་གིས་གསུང་རབ་ཁོ་ན་ཀློག་པར་བྱེད”པའི་ཀྲུང་གོའི་སྲོལ་རྒྱུན་གྱི་སློབ་གསོའི་ལམ་ལུགས་ལ་ཁ་གཏད་དེ། “འཚོ་བ་དང་སློབ་གསོ”“སྤྱི་ཚོགས་དང་སློབ་གྲྭ”ཞེས་པའི་སློབ་གསོའི་དོན་སྙིང་གི་འདུ་ཤེས་གཏིང་ཟབ་ས་ནས་བསྒྱུར་བཅོས་བྱེད་དགོས་པའི་འདོད་ཚུལ་དེ་ནི། ཀྲུང་གོའི་ཉེ་རབས་སློབ་གསོ་བ་ཐའོ་ཞིན་ཀྲི་ཡི་ལྟ་བ་ཡིན། ཁོང་གི་སློབ་གསོའི་གཞུང་ལུགས་ཀྱིས་ཀྲུང་གོའི་དེང་རབས་སློབ་གསོའི་མ་ལག་ཆ་ཚང་ཞིག་བསྐྲུན་པར་བྱས་ཤིང་། ལག་ལེན་ཀྱི་རིན་ཐང་མེད་པའི་ཁ་བཤད་ཙམ་ལ“སློབ་གསོ་ཤི་བོ་”དང“དཔེ་ཆ་ཤི་བོ”“དཔེ་ཀློག་ཤི་བོ”སོགས་སུ་བརྗོད།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།