༄༅།།《བོད་ཀྱི་མཛེས་རྩལ་ཀུན་བཏུས》པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-08-14 09:48:29 ཀློག་གྲངས།:
《བོད་ཀྱི་མཛེས་རྩལ་ཀུན་བཏུས》ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། དེ་ནི་བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས་༡༠༠ཡི་བདག་ཉིད་ཅན་ཞིག་ཡིན།
སྤྱིའི་ཆ་ནས་རི་མོ་སྒྱུ་རྩལ་དང་། འབུར་བརྐོས་སྒྱུ་རྩལ། བཟོ་སྐྲུན་སྒྱུ་རྩལ། བཟོ་བཀོད་མཛེས་རྩལ། ཡིག་གཟུགས་དང་ཐམ་བརྐོས་སྒྱུ་རྩལ་སྐོར། མཛེས་རྩལ་གཞུང་ལུགས་སྐོར་བཅས་གཞུང་དོན་སྤྱིའི་ཁོག་དབུབས་དོན་ཚན་ཆེན་མོ་དྲུག་ཏུ་བཀར་ཏེ་གྲུབ་ཡོད་པས། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན།
ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་ལེགས་པར་གྲུབ་པའི་བཟོ་སྐྲུན་སྒྱུ་རྩལ་སྐོར་ལས་གནའ་མཁར་གྱི་དེབ་འདི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། དེ་མིན་པེ་ཅིན་ཞང་ཧྲན་སོགས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་བོད་ལུགས་གནའ་མཁར་བཟོ་སྐྲུན་གྱི་པར་རིས་ཕྱོགས་བསྒྲིགས་བྱས་ཏེ། གནའ་མཁར་བཟོ་སྐྲུན་གྱི་སྒྲིག་གཞི་དང་། གཟུགས་དབྱིབས། བྱེད་ནུས་བཅས་གཞིར་བཟུང་ནས་བོད་ཀྱི་ངོ་མཚར་ལྡན་པའི་གནའ་མཁར་བཟོ་སྐྲུན་གྱི་སྒྱུ་རྩལ་མངོན་པར་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།