༄༅།།《བླ་མ་ཟླ་འོད་འཇམ་དཔལ་རོལ་བའི་རྡོ་རྗེའི་གསུང་འབུམ》པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-09-18 08:39:16 ཀློག་གྲངས།:
དེ་ཡང་མཁས་པ་ལ་གོང་བཀུར་དང་ཤེས་རིག་ལ་གཅེས་མཐོང་བྱེད་པའི་གནའ་བའི་སྲོལ་རྒྱུན་བཟང་པོ་དེ་མུ་མཐུད་རྒྱུན་བསྐྱང་དགོས་ན། སྔོན་བྱོན་མཁས་དབང་དག་གི་ཤེས་རབ་ཀྱི་བློ་ལས་འཁྲུངས་པའི་རིན་བྲལ་གྱི་བརྩམས་ཆོས་དག་ལ་འཚོལ་སྡུད་དང་དག་སྒྲིག ཐོ་འགོད། པར་སྐྲུན་བཅས་བྱ་རྒྱུ་ནི་ཕྱི་རབས་པའི་འགན་འཁྲི་ཡིན་པར་སེམས།
ཉེ་ཆར། མགོ་ལོག་ཁུལ་གནའ་རྩོམ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་འཚོལ་སྡུད་དང་དག་སྒྲིག་བྱས་ནས་གྲུབ་པའི་པོད་གྲངས་གསུམ་ཅན་གྱི《བླ་མ་ཟླ་འོད་འཇམ་དཔལ་རོལ་བའི་རྡོ་རྗེའི་གསུང་འབུམ》ཞེས་བྱ་བ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་དང་འགྲེམ་སྤེལ་བགྱིས་ཡོད་དེ། དེབ་འདིར་ཡུལ་མགོ་ལོག་ནས་སྐུ་འཁྲུངས་པའི་རིག་མཛིན་འཇམ་དཔལ་རོལ་བའི་རྡོ་རྗེའམ་ཡོངས་གྲགས་སུ་བླ་མ་ཟླ་འོད་དུ་ཞུ་བ་གང་ཉིད་སྐུ་འཚོ་བཞུགས་དུས་སུ་བརྩམས་པའི་ཚད་མ་དང་གསོ་རིག སྙན་ངག སྐར་རྩིས་སོགས་ཀྱི་ནང་དོན་འདུས་པའི་གསུང་རྩོམ་ཁ་ཤས་ཕྱོགས་གཅིག་ཏུ་བསྡུས་ནས་རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་བ་ལགས་སོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།