༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས《རྨ་གཡང་ཕྱུག་མོའི》འགྲེམ་སྤེལ་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-09-23 08:49:51 ཀློག་གྲངས།:
སྤྱི་ལོ2020ལོའི་ཟླ4བའི་ཚེས17ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭའི་རྩོམ་རིག་དུས་དེབ《རྨ་གཡང་ཕྱུག་མོའི》སྤྱིའི་འདོན་ཐེངས་བཞི་བའི་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ།
གཟའ་ཕུར་བུའི་ཉིན་གྱི་ཞོགས་པར་ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོ་ཞིང་འཇམ། སློབ་གྲྭའི་བཀོད་སྒྲིག་འོག་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སློབ་གསེང་རྩལ་སྦྱོང་གི་དུས་ཡུན་བེད་སྤྱད་ནས་དགེ་སློབ་ཡོངས་རིག་བྱེད་ཕུན་ཚོགས་གླིང་གི་མདུན་ཐད་ཀྱི་ཤེས་རབ་ཐང་ཆེན་དུ་འཚོགས་ཏེ། སློབ་གྲྭའི་རྩོམ་རིག་དུས་དེབ《རྨ་གཡང་ཕྱུག་མོའི》སྤྱིའི་འདོན་ཐེངས་བཞི་བའི་འགྲེམ་སྤེལ་མཛད་སྒོ་གཟབ་རྒྱས་ངང་སྤེལ།
མཛད་སྒོའི་ཐོག་མར་སློབ་སྟོན་ཁང་གིས་དབྱར་གནང་ལས་བྱ་བྲིས་པ་ཕུལ་བྱུང་ཅན་གྱི་སློང་མར་གཟེངས་བསྟོད་ཡི་གེ་དང་དཔེ་ཆའི་དགའ་རྟགས་གནང་ཞིང་། དེ་རྗེས་རྩོམ་སྒྲིག་པའི་དགེ་རྒན་གྱི་མདོ་འཛིན་གྱི་གསུང་བཤད་དང་བཅས་དུས་དེབ་འགྲེམ་སྤེལ་གྱི་མཛད་སྒོ་དངོས་སུ་མགོ་བརྩམས།
ཐེངས་འདིའི《རྨ་གཡང་ཕྱུག་མོའི》སྟེང་བདམས་ཐོན་བྱུང་བའི་བོད་རྒྱ་དབྱིན་གསུམ་གྱི་རྩོམ་ཡིག་དང་མཛེས་རིས་སོགས་བརྩམས་ཆོས་དགུ་ཅུར་ཉེ་བ་བཀོད་འདུག་ཅིང་། རྩོམ་སྒྲིག་པས་དུས་དེབ་སྟེང་བརྩམས་ཆོས་འགོད་ཐུབ་པའི་རྩོམ་པ་པོ་དང་འཛིན་གྲྭའི་མིང་གསལ་བསྒྲགས་བྱས་ནས། དགེ་སློབ་ཡོངས་ཀྱི་བསྟོད་བསྔགས་དང་རྗེས་སུ་ཡི་རང་གི་ལག་ཟུང་ཐལ་མོའི་རྡེབ་སྒྲའི་ཁྲོད་ཁོ་ཚོ་ཐེམ་སྐས་སྟེགས་བུའི་སྟེང་དུ་གདན་དྲངས་ཏེ། གཟེངས་བསྟོད་ཀྱི་ཡི་གེ་དང་དུས་དེབ་ཀྱི་ལེགས་སྐྱེས་གནང་ནས་མཉམ་པར་བརྒྱབ། ཁོ་ཚོའི་རྩོམ་རིག་གི་དུང་བ་དང་ཞུམ་མེད་ཀྱི་ཧུར་བརྩོན་ལས་བྱུང་བའི་བརྩམས་ཆོས་ལ་གདེང་འཇོག་ཐོབ་པའི་དགའ་སྤྲོ་དང་ཡིད་ཆེས་ཀྱིས་ཁེངས་པའི་ངོ་གདོང་རེ་རེ། སློབ་གྲོགས་གཞན་དག་གིས་རྩོམ་འབྲིའི་ཕྱོགས་ལ་འབད་བརྩོན་བྱེད་པའི་སྐུལ་ལྕག་རེ་རེར་འགྱུར་བ་གདོན་མི་ཟད། དེ་ནས་འཛིན་གྲྭ་རེ་རེརའང་ལྟ་ཀློག་གི་དུས་དེབ་བཅུ་ཕྲག་ཁ་ཤས་རེ་བསྩལ་བའི་རྗེས་སུ། རྩོམ་སྒྲིག་པའི་དགེ་རྒན་གྱིས་ཐེངས་འདིའི་དུས་དེབ་ལ་སྤྱི་སྡོམ་གྱི་གཏམ་བཤད་གནང་ཞིང་། སློབ་མ་ཚོར་ཐེངས་རྗེས་མར་བརྩམས་ཆོས་བསྐུར་བའི་ཕྱོགས་ནས་རེ་བ་ནན་མོ་བཏོན་རྗེས། ཐེངས་འདིར་བརྩམས་ཆོས་འགོད་ཐུབ་ཡོད་པའི་སློབ་མའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་མཉམ་པར་བླངས་རྗེས་མཛད་སྒོའི་མཇུག་ཡོངས་སུ་བསྡུས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།