༄༅།།བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་གཙོ་སྒྲིག་མཛད་པའི《རྒྱལ་རོང་ཡུལ་སྐད་ཞིབ་འཇུག》པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-10-29 09:21:53 ཀློག་གྲངས།:
ཉེ་ལམ་བོད་རིག་པའི་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་གཙོ་སྒྲིག་མཛད་པའི《རྒྱལ་རོང་ཡུལ་སྐད་ཞིབ་འཇུག》ཅེས་པའི་དཔེ་དེབ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
དེབ་འདི་ནི་ལེའུ་ཆེན་མོ་ལྔ་ཡིས་གྲུབ་ཡོད་དེ། ལེའུ་དང་པོ་སྒྲ་གདངས་ཀྱི་སྐོར་ལས་ཨམ་སྐད་དང་རྒྱལ་རོང་སྐད་གཉིས་ལ་ཞིབ་བསྡུར་བྱས་རྗེས་རྒྱལ་རོང་ཡུལ་སྐད་ཁྲོད་ཀྱི་དབྱངས་དང་གསལ་བྱེད་ལ་མ་ལག་ལྡན་པའི་ངང་འགྲེལ་བཤད་བྱས་ཡོད། ལེའུ་གཉིས་པ་ཐ་སྙད་ཀྱི་སྐོར་ལས་ཨམ་སྐད་དང་རྒྱལ་རོང་སྐད་གཉིས་ཀྱི་ཞིབ་བསྡུར་ལས་རྒྱལ་རོང་ཡུལ་སྐད་ཁྲོད་ཀྱི་ཐ་སྙད་ཀྱི་གྲུབ་ལུགས་ལ་ཞིབ་དཔྱད་བྱས་ཡོད། ལེའུ་གསུམ་པ་བརྡ་སྤྲོད་ཀྱི་སྐོར་ལས་གོང་བཞིན་ཞིབ་བསྡུར་གྱི་ཐབས་ལམ་སྤྱད་ནས་རྒྱལ་རོང་ཡུལ་སྐད་ཁྲོད་ཀྱི་མིང་དང་རྒྱན་ཚིག བྱ་ཚིག ཚིག་གྲོགས། ཚབ་ཚིག ཚིག་གྲུབ་སོགས་ཀྱི་སྦྱོར་སྟངས་ལ་དབྱེ་ཞིབ་བྱས་ཡོད། ལེའུ་བཞི་བར་རྒྱལ་རོང་གི་གཟུགས་འགྱུར་ཡི་གེ་ནི་ཆགས་ལོ་ཙཱ་བ་དང་འགོས་ལོ་ཙཱ་བའི་གཟུགས་འགྱུར་ཡི་གེའི་ཁྲོད་ཀྱི་གཅིག་ཡིན་པ་ལས། དེ་ནི་གསར་དུ་བཟོས་པའི་ཡིག་རིགས་ཤིག་མིན་པར་གསུངས་ཡོད་པ་མ་ཟད། རྒྱལ་རོང་གི་གཟུགས་འགྱུར་ཡི་གེའི་གྲུབ་སྟངས་ཀྱི་ཆོས་ཉིད་ལ་དབྱེ་ཞིབ་བྱས་ཡོད། ལེའུ་ལྔ་པར་བོད་ཡིག་གི་སྒྲ་གདངས་གི་འགྱུར་བའི་ཆོས་ཉིད་དང་སྦྱོར་ཀློག་བྱེད་སྟངས་ལ་འགྲེལ་བཤད་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།