ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།སྟག་ཚང་དཔལ་འབྱོར་བཟང་པོའི《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་འཛམ་གླིང་གསལ་བའི་མེ་ལོང》པར་དུ་བསྐྲུན།
༄༅།།སྟག་ཚང་དཔལ་འབྱོར་བཟང་པོའི《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་འཛམ་གླིང་གསལ་བའི་མེ་ལོང》པར་དུ་བསྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-10-30 09:09:04
ཀློག་གྲངས།:

ཡིག་ཚང་འདིའི་མིང་གི་འདོགས་ལུགས་ལྟར་ན་རྒྱ་ནག་དང་བོད་ཁོ་ནར་ངོས་བཟུང་བར་འདྲ་ཡང་། དོན་དུ་འཛམ་གླིང་རྒྱལ་རབས་སྤྱི་བྱིངས་ཀྱི་སྟོང་ཐུན། འཛམ་བུ་གླིང་པའི་ཡུལ་ཁམས་དང་མིའི་རིགས་རུས་ཀྱི་རྣམ་དབྱེ། རྒྱ་གར་གྱི་རྒྱལ་རབས། སྟོན་པའི་མཛད་པ་བཅུ་གཉིས། སྟོན་པའི་སྐུ་ཚབ་བཞེངས་ཚུལ། བསྟན་པའི་གཏད་རབས། བསྟན་པའི་གནས་ཚད། བཀའ་བསྡུ་རིམ་པ་གསུམ། བལ་པོའི་རྒྱལ་རབས།(ལི་ཡུལ) རྒྱ་ནག་རྒྱལ་རབས། མི་ཉག་རྒྱལ་རབས། བོད་ཀྱི་རྒྱལ་རབས། ཁྲི་ལྡེ་གཙུག་བརྟན་དང་ཁྲི་སྲོང་ལྡེ་བཙན་གྱི་སྐོར། བོད་ཀྱི་གསོ་བ་རིག་པ། བོད་དུ་ཇ་དང་དཀར་ཡོལ་བྱུང་ཚུལ། ཁྲི་སྲོང་ནས་གླང་དར་མས་ཆོས་བསྣུབས་པའི་བར། བསྟན་པ་ཕྱི་དར་བྱུང་ཚུལ། བོད་ཀྱི་མཛངས་པ་མི་བདུན་བྱུང་ཚུལ། བོད་ཀྱི་གྲི་བྱུང་ཚུལ། དཀར་ཡོལ་ལེགས་ཉེས་བརྟག་པའི་བསྟན་བཅོས། ཧོར་གྱི་རྒྱལ་རབས། ཁྲི་སྐོར་བཅུ་གསུམ་གྱི་ངོས་འཛིན་དང་འཇའ་མོ་འཇམ་ཆེན་འཛིན་ལུགས་སྐོར། ས་སྐྱའི་གདུང་རབས། ས་སྐྱའི་ཤར་ནུབ་གུང་གསུམ་གྱི་བྱུང་ཚུལ། ས་སྐྱའི་དཔོན་ཆེན་དང་ནང་བློན་རིམ་བྱུང་། ཞ་ལུ་དཔོན་ཆེན་གྱི་ལོ་རྒྱུས། རྒྱལ་རྩེ་ཆོས་རྒྱལ་ཤར་སྒ་བའི་གདུང་རབས། སྟག་སྣ་རྫོང་པའི་ལོ་རྒྱུས། རྣམ་རྒྱལ་གླིང་པའི་ལོ་རྒྱུས། སྔ་འགྱུར་རྙིང་མའི་སྐོར། བསྟན་པ་ཕྱི་དར་ལ་མཁས་གྲུབ་དགོན་སྡེ་བྱུང་ཚུལ། སྨད་འདུལ་གྱི་རྒྱུན་བྱུང་ཚུལ། བཀའ་གདམས་པའི་བརྒྱུད་པ། རྔོག་ཁུ་དབོན་གྱིས་ཐོག་དྲངས་པའི་བཤད་གྲྭ་དར་ཚུལ། དུས་འཁོར་གྱི་རྒྱུད་འགྲེལ་དར་ཚུལ། པཎ་ཆེན་ཤཱཀྱ་ཤྲཱིའི་མཁན་བརྒྱུད་བྱུང་ཚུལ། དྭགས་པོ་བཀའ་བརྒྱུད་བྱུང་ཚུལ། ཞི་བྱེད་ཀྱི་བརྒྱུད་པ་བྱུང་ཚུལ། ཕག་གྲུ་བཀའ་བརྒྱུད་བྱུང་ཚུལ། ཕག་གྲུ་ཁྲི་སྐོར་གྱི་དཔོན་རབས་བྱུང་ཚུལ། ལྷ་སའི་ཆོས་བརྒྱུད་བྱུང་ཚུལ། ཤངས་པ་བཀའ་བརྒྱུད་བྱུང་ཚུལ། ལས་འབྲས་ཀྱི་རྣམ་བཞག་མདོར་བསྡུས། འཇིག་རྟེན་ཆགས་ཚུལ་མདོར་བསྡུས་སོགས་ཕྱོགས་བསྡུས་མཛད་ཡོད་པའི་ལོ་རྒྱུས་ཀྱི་རིན་ཐང་གཞལ་དུ་མེད་པའི་ཡིག་ཚང་ཞིག་ཡིན་ནོ།།
ཐེངས་འདིར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༥ལོར་དཔེ་སྐྲུན་བྱས་པ་གཞིར་བྱས་ཐོག། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གཉིས་ཀྱིས་སྔ་ཕྱིར་དཔེ་སྐྲུན་བྱས་པའི་དེབ་དང་། དེ་མིན་དཔེ་རྙིང་དང་ལྕགས་པར་ཅན་སོགས་མ་ཕྱི་བྱས་ཏེ་ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་དཔེ་བསྡུར་ནན་མོ་གནང་སྟེ་རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་ལམ་དུ་འབུལ་བ་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།