ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > 《ཉྭ་ནག་པ་བ་རེས་ཀྱི་ལྷུག་རྩོམ་དེབ་ཕྲེང》པར་སྐྲུན་འགྲེམ་སྤེལ་བྱས།
《ཉྭ་ནག་པ་བ་རེས་ཀྱི་ལྷུག་རྩོམ་དེབ་ཕྲེང》པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:བསོད་ནམས་བཀྲ་ཤིས།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2020-11-16 14:28:25
ཀློག་གྲངས།:

ལྷུག་རྩོམ་དེབ་ཕྲེང་འདི་རྣམས་ནི་རྩོམ་པ་པོའི་ལྷུག་རྩོམ་དཔེ་དེབ《སྔོན་མོ་སྤང་ལས་འཁྲུངས་པའི་སེམས་ཀྱི་རོལ་མོ》 དང《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》གཉིས་ཀྱི་མུ་ལ་མཐུད་དེ་རྩོམ་པ་པོའི་སྙུག་རྩེ་ལས་ཐོན་པའི་རྩོམ་རིག་གསར་རྩོམ་ཐད་ཀྱི་གྲུབ་འབྲས་ཤིག་ཡིན་ཞིང་། ལྷུག་རྩོམ་དེབ་ཕྲེང་འདིའི་ནང་རྩོམ་པ་པོའི་རྒྱུ་སྤུས་ལེགས་པའི་ལྷུག་རྩོམ90ལྷག་བསྡུས་ཡོད་ལ། བརྗོད་བྱའི་ཆ་ནས་རྩོམ་པ་པོས་ཕུན་སུམ་ཚོགས་པའི་ནང་དོན་དང་ལྷག་བསམ་རྣམ་དག་གི་བརྩེ་ཞེན་གཉིས་གཞི་གཅིག་ཏུ་བསྲེས་ཤིང་། འབྲོག་མིའི་འཚོ་བ་དང་། མི་ཚེའི་རྟོགས་པ། གནས་སྐོར་མཐོང་ཐོས་རྣམས་རྒྱུ་ཆ་གཙོ་བྱས་ཏེ་དེང་སྐབས་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་མཆིས་པའི་གནའ་བོའི་མི་རིགས་འདིའི་ལུགས་སྲོལ་གོམས་འདྲིས་དང་། འཚོ་བའི་གནས་སྟངས། བསམ་བློའི་རྣམ་པ་སོགས་ལེགས་པར་བྲིས་ཡོད་པ་མ་ཟད། ད་དུང་རྩོམ་པ་པོ་རང་ཉིད་ཀྱི་འཚོ་བ་དང་། འབྱུང་འགྱུར། མི་ཚེ་སོགས་ལ་ཡིད་ཆེས་ཀྱིས་ཀུན་ནས་ཁེངས་པའི་མཛེས་པའི་སེམས་འདུན་སོགས་མངོན་པར་མཚོན་པར་བགྱིས་ཡོད་པས། རྩོམ་པ་པོའི་སྙུག་རྩེ་ལས་བྱུང་བའི་ལྷུག་རྩོམ་དེ་དག་ལ་ལྷུག་རྩོམ་གསར་བའི་བྲོ་བ་ལྡན་ཞིང་དུས་རབས་གསར་བའི་སྐབས་ཀྱི་ཁྱད་ཆོས་ཀྱང་དོད་པོར་ཐོན་ཡོད། སྒྱུ་རྩལ་གྱི་ཆ་ནས་བོད་ཀྱི་སྲོལ་རྒྱུན་ལྷུག་རྩོམ་གྱི་འབྲི་སྟངས་དང་དེང་རབས་ཀྱི་ལྷུག་རྩོམ་གསར་བའི་སྒྱུ་རྩལ་མཚོན་ཐབས་གཉིས་ཟུང་འབྲེལ་བགྱིས་ཏེ་བྲིས་ཡོད་པས་ལྷུག་རྩོམ་དེབ་ཕྲེང་འདི་ལ་ཀློག་པའི་རིན་ཐང་ངེས་ཅན་ཞིག་ལྡན་པ་རེད།
ཉྭ་ནག་པ་བ་རེས་ནི1960ལོར་མདོ་སྨད་བོང་སྟག་ཉྭ་ནག་ཚོ་བ་རུ་སྐྱེས། ཆུང་དུས་ནས་སློབ་གྲྭ་འགྲིམས། 1979ལོར་བྱ་བའི་ཁྲོད་དུ་ཞུགས་ཤིང་ལོ་ངོ་སུམ་ཅུ་ལྷག་གི་རིང་སློབ་གསོའི་ལས་ཀ་གཉེར། ད་ལྟ་དགེ་རྒན་ཆེན་མོ་གཞོན་པ་དང་རང་ཞིང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་ཡིན། 1986ལོ་ནས་བཟུང་ལས་ཞོར་དུ་རྩོམ་ཡིག་འབྲི་མགོ་བརྩམས། སྔ་ཕྱིར“སྦྲང་ཆར་རྩོམ་རིག་བྱ་དགའ”དང“ཚྭ་འདམ་རྩོམ་རིག་བྱ་དགའ”སོགས་ཐོབ་མྱོང་། ཁོའི་སྙན་ངག་དང་ལྷུག་རྩོམ་སྐོར་ཞིག《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས》དང་། 《སྦྲང་ཆར་ལོ་འཁོར20བའི་དཔེ་ཚོགས》 《བོད་ཀྱི་རྩོམ་རིག》(སློབ་ཆེན་སློབ་གཞི)ནང་དུ་བསྡུས་ཡོད། བརྩམས་ཆོས་དཔེ་དེབ་གཙོ་བོ《མཁའ་ལ་འཕྱོ་བའི་ཡིད་ཀྱི་བརྩེ་རླབས》དང་། 《བརྩེ་མདངས་ལ་འཁྱུད་པའི་སྨོན་འདུན》 《བརྩེ་ཞེན་གྱིས་བསླངས་པའི་འགྱུར་ཁུགས》 《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》 《བོང་སྟག་ཞིབ་འཇུག》 《རྩོམ་བསྡུས་བྱུ་རུའི་དོ་ཤལ》 སོགས་དེབ་བཅུ་ལྷག་མཆིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།