ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།བོད་ལྗོངས་ནག་ཆུའི《སོག་རྫོང་གི་སྲིད་གྲོས་ལོ་རྒྱུས》པར་དུ་བསྐྲུན།
༄༅།།བོད་ལྗོངས་ནག་ཆུའི《སོག་རྫོང་གི་སྲིད་གྲོས་ལོ་རྒྱུས》པར་དུ་བསྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2020-11-20 09:43:13
ཀློག་གྲངས།:

ཉེ་ཆར། བོད་ལྗོངས་ནག་ཆུའི《སོག་རྫོང་གི་སྲིད་གྲོས་ལོ་རྒྱུས》ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད།
སོག་རྫོང་ཞེས་པ་ནི་གནའ་བོའི་དུས་སུ་སོག་ཆུའི་འབབ་རྒྱུད་ལ་གོ་ཞིང་སོག་ཤོད་ཅེས་བརྗོད་པ་དང་། ཡོན་རྒྱུལ་རབས་ཀྱི་དུས་སུ་སོག་པོའི་དོན་དང་། རྒྱུད་དེར་སོག་སྒར་རམ་སོག་གུར་ཟེར། མིང་རྒྱལ་རབས་ཀྱི་སྐབས་སུ་སོག་གྲོང་ངམ་ཡང་ན་སོག་གཞིས་ཀ་ཞེས་འབོད། ༡༩༥༠ལོའི་མཇུག་ཏུ། སོག་རྫོང་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་དང་མཉམ་དུ་སོག་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ༡༩༦༥ལོར་སོག་རྫོང་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་པ་རེད།༡༩༩༠ལོའི་ཟླ་༦པའི་ཚེས༢༩ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་དང་པོའི་སོག་རྫོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དེ་བདེ་བླག་ངང་འཚོགས་པ་དང་། དེས་སྲིད་གྲོས་སོག་རྫོང་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་མཚོན།
དེབ་འདིར་༡༩༩༠ལོ་ནས་༢༠༡༨ལོའི་བར་བགྲང་ལོ༢༨རིང་གོང་རིམ་གྱིས་ཡང་དག་པའི་འགོ་ཁྲིད་འོག་སོག་རྫོང་གི་སྲིད་གྲོས་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཐུས་ཚང་དུ་གྱུར་བའི་ལོ་རྒྱུས་དང་། ཆབ་སྲིད་གྲོས་མོལ་གྱི་ཡང་དག་པའི་སྲིད་ཇུས་ཀྱིས་སོག་རྫོང་གི་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་བརླིང་ལ་ནུས་པ་འདོན་པའི་སྐོར་སོགས་བརྗོད་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།