ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅། །ཨལ་ཐན་རྒྱལ་པོའི་རྟོགས་བརྗོད་བསྒྱུར་འགྲེལ་དཔེ་དེབ་ཀྱི་འགྲེམ་སྤེལ་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
༄༅། །ཨལ་ཐན་རྒྱལ་པོའི་རྟོགས་བརྗོད་བསྒྱུར་འགྲེལ་དཔེ་དེབ་ཀྱི་འགྲེམ་སྤེལ་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
རྩོམ་པ་པོ།: ཐུབ་བསྟན། ཕུར་བ་ཐར།
ཡོང་ཁུངས།:ཐུན་ཏེ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2020-11-25 09:58:20
ཀློག་གྲངས།:

སྤྱི་ཟླ༡༡པའི་ཚེས༢༢ཉིན། ཨལ་ཐན་རྒྱལ་པོའི་རྟོགས་བརྗོད་བསྒྱུར་འགྲེལ་ཞེས་པའི་དཔེ་དེབ་ཀྱི་འགྲེམ་སྤེལ་དཔྱད་གླེང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཤིང་། དཔྱད་གླེང་ཚོགས་འདུའི་སྟེང་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་སྤྱི་གཞོན་པ་ཟུར་པ། མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་ཟུར་པ། རབ་འབྱམས་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ་གཞོན་པ། རབ་འབྱམས་པའི་མཛུབ་སྟོན་དགེ་རྒན། བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གཉེར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཨོའུ་རྒྱ་ཚང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རིན། རབ་འབྱམས་པའི་མཛུབ་སྟོན་དགེ་རྒན། དགེ་རྒན་ཆེན་མོ་སྟོབས་ལྡན། བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་བཅས་དང་། གཞན་ད་དུང་ནང་སོག་སློབ་གྲྭ་ཆེན་མོའི་འབུམ་རམས་པ་དང་རབ་འབྱམས་པ། ཨ་མདོ་བརྙན་འཕྲིན་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར། འབའ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་འབྲེལ་ཡོད་མི་སྣ་དང་གསར་འགོད་པ། སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་རིག་གཞུང་ཞིབ་འཇུག་པ་དང་ཞིབ་འཇུག་སློབ་མ་སོགས་མི་སྣ་ལྔ་བཅུ་ལྷག་ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཞུགས་པ་དང་། དགེ་རྒན་ཆེན་མོ་སྟོབས་ལྡན་ལགས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

ལོ་རྒྱུས་ལ་ཕྱིར་མིག་ཐེངས་ཤིག་བྱས་ན། བོད་དང་སོག་པོ་གཉིས་ནི་ཆབ་སྲིད་འགྲོ་འོང་དང་རིག་གནས་བརྗེ་རེས། ཆོས་ལུགས་ལོ་རྒྱུས་ཀྱི་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་མི་རིགས་གཉིས་ཡིན་པས་ཕན་ཚུན་བར་རིག་གནས་རྒྱུ་འགྲུལ་གྱི་འགྲོ་འོང་ཆད་མ་མྱོང་ལ། མ་མཐའ་ཡང་ལོ་ངོ་བདུན་བརྒྱ་ལྷག་གི་རིང་ལ་ཆོས་ལུགས་དང་། རིག་གནས། ཆབ་སྲིད་བཅས་ལ་བློས་དཔག་པར་དཀའ་བའི་ཤུགས་རྐྱེན་ཐེབས་འདུག དུས་སྐབས་གསར་བའི་བོད་སོག་རིག་གནས་ཀྱི་འབྲེལ་བ་དེའང་རྒྱུན་མི་ཆད་པར་མཚོ་སྔོན་དགེ་འོས་སློབ་ཆེན་དང་། ནང་སོག་སློབ་གྲྭ་ཆེན་མོ། ནང་སོག་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱིས་རིག་གཞུང་བརྗེ་རེས་ཀྱི་ལས་ཀ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་རེད།

བོད་རིགས་ན་གཞོན་ཞིབ་འཇུག་པ་མགར་རྩེ་གནམ་འབྲུག་རྒྱལ་གྱིས་བརྩམས་པའི་ཨལ་ཐན་རྒྱལ་པོའི་རྟོགས་བརྗོད་བསྒྱུར་འགྲེལ་ཞེས་པའི་བརྩམས་ཆོས་འདིས་བོད་སོག་མི་རིགས་གཉིས་ཀྱི་རིག་གཞུང་བརྗེ་རེས་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་དང་། རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་བར་ལ་སློབ་སྦྱོང་དང་བརྗེ་རེས། འགྲོ་འོང་བྱེད་པར་སྐུལ་འདེད་གཏོང་དགོས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་དོན་འཁྱོལ་བྱས་པ་ཞིག་ཀྱང་ཡིན་པ་མ་ཟད། དུས་སྐབས་གསར་བའི་བོད་སོག་རིག་གནས་འབྲེལ་བ་མུ་མཐུད་དུ་ཞིབ་འཇུག་དང་དོ་སྣང་བྱེད་པར་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།