༄༅།།རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་དཔེ་ཚོགས་དངོས་སུ་དཔར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-11-25 11:33:22 ཀློག་གྲངས།:
      ཉེ་ཆར། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་ལེགས་སྒྲིག་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་དཔེ་ཚོགས་ཞེས་པའི་པོད་གསུམ་གྱི་བདག་ཉིད་ཅན་གླུ་ཤགས་སྲིད་པ་གཉེན་བྱོན་ཕྲེང་ཅན་དང་དཔའ་རིས་དམངས་གླུ་རྒྱུད་མངས་སྒྲ་དབྱངས། ཅང་ཤེས་གཡང་དཀར་འབེལ་གཏམ་ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་དཔའ་རིས་བསང་བརྔོན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཞེས་པའི་དཔེ་ཆ་རྣ་ཐུང་ཅན་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་དངོས་སུ་པར་སྐྲུན་ནས་ཡུལ་ཕྱོགས་ཀུན་ཏུ་བཀྲམ་པས་སྐལ་ལྡན་སྐྱེ་བོའི་སྤྱན་གྱི་ཨུཏྤལ་བུང་བུའི་འཁོར་སར་སྐྱེས་སུ་འབུལ་བ་ལགས།
      དཔའ་རིས་བསང་བརྔོན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་དེ་ནི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་རྒྱལ་ཁབ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་བཞེད་སྨོན་འདུན་ཁ་མིན་དོན་ལ་ཕབ་པའི་སྐུལ་སློང་གིས་དཔའ་རིས་ཡུལ་དུ་འཁྲུངས་བའི་སྔོན་བྱོན་མཁས་གྲུབ་མང་པོའི་ལྗགས་རྩོམ་འོ་མཚོ་ལས་བླངས་པའི་སྐྲ་ཡི་ཉག་མ་ཅིག་ལགས།
      རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་དཔེ་ཚོགས་འདི་ནི་ངེད་གཞུང་ལས་ཁང་གིས་དཔའ་རིས་བོད་དཀར་པོའི་ཡུལ་དུ་ད་ལྟ་བག་ལ་ཞ་བཞིན་པའི་དམངས་ཁྲོད་རིག་གནས་རྒྱུན་འཛིན་གྱི་ལས་འགན་མ་སྐུལ་དང་བླང་གིས་ཕྲག་ཏུ་བླངས་ཏེ། ཐེངས་མང་པོར་ཡུལ་དངོས་སུ་ཕྱིན་ཏེ་དམངས་ཁྲོད་དུ་བཞུགས་པའི་སྲིད་པ་རྒན་པོ་རྣམས་ཀྱི་ངག་གི་བདུད་རྩིའི་ཐིགས་པ་རེ་རེ་བསགས་ནས་ངག་རྩོམ་རིག་གནས་རིན་པོ་ཆེ་འདི་ཉིད་མྱུར་སྐྱོབ་འཚོལ་སྡུད་བྱས་པའི་རྫོང་སྟོན་ལོ་བདུན་ཅུ་ལོན་པའི་རྟེན་འབྲེལ་གྱི་ལེགས་སྐྱེས་ཡིན།
      དེ་ནི་དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་ལོ་ངོ་མང་པོའི་རིང་ལ་དམངས་ཁྲོད་རིག་གནས་ཞིབ་འཇུག་ཐད་བླངས་པའི་སྨིན་འབྲས་གལ་ཆེན་ཞིག་ཡིན་ཞིང་། དཔའ་རིས་ཡུལ་གྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དྲིལ་གྲགས་དང་འགྲེམ་སྟོན་། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་ཕུན་སུམ་ཚོགས་པར་བཏང་སྟེ། མི་རིགས་བར་གྱི་རིག་གནས་སྤེལ་རེས་ལ་གཞེན་སྐུལ་དང་། མི་རིགས་མཐུན་སྒྲིལ་ལ་མཐུན་རྐྱེན་གང་ལེགས་སྦྱར་བའི་མིག་རྒྱང་རིང་བའི་དོན་སྙིང་གལ་ཆེན་ཡོད་པ་མ་ཟད།དཔའ་རིས་ཡུལ་གྱི་རིག་གནས་ཀྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་དགེ་མཚན་ཆེན་པོ་ལྡན་པ་རེད།
 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།