༄༅། །བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་བོད་ལྗོངས་ཐང་ག༼༡༽པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-11-26 09:23:40 ཀློག་གྲངས།:
      ༼བོད་ཀྱི་མཛེས་རྩལ་ཀུན་བཏུས༽ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན། འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ།། 
ཕག་གྲུ་རྡོ་རྗེ་རྒྱལ་པོ། བྱེའུ་སྒང་ལུགས།
དཔལ་རྡོ་རྗེ་འཇིགས་བྱེད། སྨན་ལུགས།
      དེབ་འདི་ནི་བོད་ཀྱི་མཛེས་རིས་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་སྐོར། བོད་ལྗོངས་ཐང་ག༼༡༽ཞེས་པ་དེ་རེད། དེབ་འདིའི་ནང་དུས་རབས༧པ་ནས་དུས་རབས༢༠པའི་བར་དུས་རིམ་སོ་སོར་བྱུང་བའི་བལ་ལུགས་དང་། བྱིའུ་སྒང་པའི་ལུགས། སྨན་ལུགས། མཁྱེན་ལུགས། ཀརྨ་སྒར་བྲིས་ལུགས་སོགས་བྲིས་རྒྱུན་གྱི་ཐང་ག་དང་། གཞན་བཟོ་རྩལ་སྐོར་གྱི་ཐང་ག་ཡང་བཀོད་ཡོད་དེ། ནང་དོན་གཙོ་བོ་ནི་གསོ་རིག་དང་། སྐར་རྩིས། བཟོ་སྐྲུན། ཆོས་ལུགས། ལོ་རྒྱུས་སོགས་འདུས་ཡོད། མ་ཟད་དེབ་འདིར་དུས་རབས་སོ་སོའི་འབྲི་ལུགས་མི་འདྲ་བའི་རི་མོ་མཚོན་དགོས་པའི་ཕྱིར་ལྡེབས་རིས་དང་། ས་གནས་གཞན་དག་ཏུ་ཉར་བའི་ཐང་ག་ཡང་བཀོད་ཡོད་དོ།།
ཁྱུང་དམར། བསམ་ཡས་དགོན།
གསང་འདུས་ཡབ་ཡུམ། མཁྱེན་ལུགས།
ཇོ་འབྲོམ་ཡབ་སྲས།
ཁྲོ་བོ་མི་གཡོ་བ། པོ་ཏ་ལ་རུ་ཉར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།