༄༅།།《བོད་ཀྱི་གཏམ་དཔེ་གཅེས་བཏུས》པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-12-03 08:46:28 ཀློག་གྲངས།:
       ཉེ་ལམ་བསོད་ནམས་ལྷུན་གྲུབ་ཀྱིས་སྡུད་སྒྲིག་བྱས་པའི《བོད་ཀྱི་གཏམ་དཔེ་གཅེས་བཏུས》ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
       གཏམ་དཔེ་ནི་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་ལོ་ངོ་སྟོང་ཕྲག་མང་བོའི་རིང་ལ་འཚོ་ཞིང་གཞེས་པའི་བོད་ཁ་བ་ཅན་གྱི་རོང་འབྲོག་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་དང་འཚོ་བའི་ཉམས་མྱོང་དངོས་ལས་བྱུང་བའི་གསེར་ནག་གི་ཐིགས་པ་ལྟ་བུ་ཞིག་ཡིན། དེ་ལས་མི་གཤིས་ཀུན་སྤྱོད་དང་བྱ་བའི་གནས་ལུགས། མི་བཟང་པོ་ལ་བསྟོད་པ་དང་མི་ངན་ལ་སྨད་པ་སོགས་ཡིད་ལ་གང་ཤར་དང་ཁ་ནས་གང་ཐོན་དུ་བྲིས་པ་ཙམ་མིན་པར་འཚོ་བའི་ཉམས་མྱོང་དངོས་ལ་བརྟག་དཔྱད་ཞིབ་འཇུག་དང་བསྲེགས་བཅད་བརྡར་གསུམ་གང་མང་བྱས་པའི་གཏམ་བརྒྱ་བཤད་ཀྱི་གསང་ཆ་དོན་དང་འོ་སྟོང་དཀྲུགས་ཀྱི་སྙིང་བོ་མར་ལྟ་བུ་ཞིག་ཡིན་ཞེས་བརྗོད་ཐུབ། སྤྱིར་བོད་ཀྱི་གཏམ་དཔེ་ནི་ཚིག་སྦྱོར་ལེགས་ཤིང་རྣ་བར་སྙན་པ། ནང་དོན་ལྡན་ཞིང་གནས་ལུགས་བཤད་ན་ཡིད་འདྲེན་པ། བསྟོད་པ་བྱས་ན་མི་ལྷ་རུ་གཏོང་ཐུབ་ལ། སྨད་པ་བྱས་ན་ལྷ་ཡང་འདྲེ་རུ་གཏོང་ཐུབ། ངན་འཚང་དྲུས་ན་སྙིང་འཕར་ནས་སྡོད་མི་བཟོད་པ་དང་དགྲ་ལ་རྦད་ན་དཔའ་རྩལ་རྒྱས་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་འདིའི་མཁའ་དབྱིངས་ན་འོད་དུ་འཚེར་བའི་སྐར་མ་འོད་ཆེན་ལྟ་བུ་ཞིག་ཡིན་པས། རྗེས་རབས་པས་སྲོལ་རྒྱུན་རིག་གནས་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བའི་ཐད་ལ་བྱས་རྗེས་ཕྲན་ཙམ་རེ་འཇོག་ཨེ་ཐུབ་སྙམ་ནས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱི་ཚུལ་དུ་བསྒྲིགས་པ་ཡིན། 
      དེབ་འདི་བསྒྲིགས་པ་ལ་ཚན་པ་བདུན་དུ་དབྱེ་ཡོད་དེ། དང་པོ། བསླབ་བྱའི་སྐོར། གཉིས་པ། མཐུན་སྒྲིལ་གྱི་སྐོར། གསུམ་པ། བསྟོད་པའི་སྐོར། བཞི་པ། སྨད་པའི་སྐོར། ལྔ་པ། གནས་ལུགས་ཀྱི་སྐོར། དྲུག་པ། སྣ་ཚོགས་ཀྱི་སྐོར། བདུན་པ། དེང་རབས་བོད་ཀྱི་གཏམ་དཔེའི་སྐོར། ད་རུང་མཇུག་ཏུ་ཟུར་བཀོད་ཅིག་བཀོད་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།