༄༅།།བྱང་འབྲོག་གི་ལམ་ཡིག(རྒྱ་བོད་ཤན་སྦྱར)བསྐྱར་དུ་དཔར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-12-04 11:32:19 ཀློག་གྲངས།:
     
      ཉེ་ལམ། མཁས་དབང་ནམ་མཁའི་ནོར་བུའི《བྱང་འབྲོག་གི་ལམ་ཡིག》(རྒྱ་བོད་ཤན་སྦྱར)བསྐྱར་པར་མ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      དེབ་འདིར་རྩོམ་པ་པོ༡༩༥༣ལོར་རྫ་ཆུ་ཁ་དང་གསེར་ཐ་སོགས་གཙོ་བྱས་པའི་བོད་ཀྱི་འབྲོག་སྡེ་དག་ཏུ་འགྲུལ་བཞུད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་རེག་ཟིག་ཏུ་བཏབ་པའི་དམངས་སྲོལ་རིག་པའི་དེབ་རྩ་ཆེན་ཞིག་ཡིན། བརྗོད་བྱའི་ཐད་འབྲོག་ཁུལ་གྱི་སྡོད་གནས་དང་། ཟས་གོས། རྒྱན་ཆ། སྤྱོད་ལམ། རྟེན་འབྲེལ། རིག་གནས། རྩེད་འཇོ། དགོན་སྡེ། བཤད་སྒྲུབ། ཡུལ་སྲོལ་སོགས་རྒྱུན་དུ་ཆོས་དང་འཇིག་རྟེན་གྱི་འཚོ་བའི་ནང་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་བའི་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་མཆིས་པ་དེ་དག་རྗོད་བྱེད་ཡི་གེའི་ལམ་ནས་རྒྱ་ཆེ་ལ་འབྲེལ་ཆགས་པ། གནད་ཞིབ་ཅིང་ཁ་གསལ་བ། ཚིག་སྙན་ལ་དོན་ལྡན་པ། སྣེ་མང་ལ་མདོ་དྲིལ་བ་སོགས་ཀྱི་སྒོ་ནས་བྲིས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།