༄༅།།《རྒྱལ་རོང་གི་གནའ་མཁར་ཤེས་རིག》ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-01-21 09:13:19 ཀློག་གྲངས།:
      རྒྱལ་རོང་གི་རྒྱལ་པོའི་ཡིག་ཚགས་ནང་དུ། རྡོ་མཁར་གྱི་བྱེད་ནུས་མི་འདྲ་བ་ལ་གཞིགས་ནས་བསམ་མཁར་དང་མཛོད་ཁོ། དེ་མིན་ཏ་ཡུང་ཞེས་བྲིས་ཡོད་ཅིང་། ཆིང་རྒྱལ་རབས་སྐབས་ཀྱི་རྡོ་རིང་ངོས་སུ་ལྕོག་ཅེས་བྲིས་འདུག་ལ། རྒྱལ་རོང་གི་ཁ་སྐད་དུ་ཏ་ཡུང་ཞེས་ཀྱང་འབོད། དེ་ལས་མཁར་ནི་རྒྱལ་པོ་དག་བཞུགས་སའི་ཕོ་བྲང་དང་། བསམ་མཁར་ནི་ལྷ་ཁང་། མཛོད་ཁོ་ནི་མཛོད་ཁང་། ཏ་ཡུང་ནི་གཡང་ཞེས་པའི་སྒྲའི་ཀློག་སྟངས་འགྱུར་བ་ལས་བྱུང་ཞིང་། དེ་ལ་ཚེ་བསོད་གཡང་འགུག་གི་གོ་དོན་ལྡན་པར་བཤད།
སོ་མང་རྒྱལ་པོའི་གཞིས་ཀ ༡༨༩༦ལོར་པར་བླངས།
      ཉེ་ལམ་ཏཱ་རེ་སྐྱིད་ཀྱིས་བརྩམས་པའི《རྒྱལ་རོང་གི་གནའ་མཁར་ཤེས་རིག》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
      དེབ་འདིའི་ནང་དུ། གནའ་མཁར་གྱི་ཡུལ་དངོས་རྟོག་ཞིབ་རྨང་གཞི་བྱས་ཤིང་། རྒྱ་ཡིག་གི་ཡིག་ཆ་དང་། རྒྱལ་པོའམ་ཐུའུ་སི་དང་འབྲེལ་བའི་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས། མི་ལོ་བརྒྱའི་སྔོན་དུ་སི་ཁྲོན་ནུབ་བྱང་ཕྱོགས་ཀྱི་མཐོ་སྒང་ལ་སླེབས་པའི་ནུབ་ཕྱོགས་པ་དག་གིས་བྲིས་པའི་དབྱིན་ཡིག་གི་ཟིན་ཐོ་ཁག དེ་མིན་ཁོ་ཚོས་བླངས་པའི་རྡོ་མཁར་གྱི་པར་རིས་རྙིང་བ་སོགས་ལ་བརྟེན་ནས། གནའ་མཁར་བྱུང་ཚུལ་གྱི་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ལྗོངས་དང་། ལོ་ངོ་བརྒྱའི་སྔོན་གྱི་རྡོ་མཁར་གྱི་གནས་ཚུལ། ད་ལྟའི་གནས་བབ། གནའ་མཁར་གྱི་རིག་གནས་མཚོན་དོན་དང་། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལ་དབྱེ་ཞིབ་བྱས་ཡོད།
ཅོག་ཙེ་རྒྱལ་པོའི་གཞིས་ཀ ༡༩༣༤ལོར་པར་བླངས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།