༄༅།། བྱིས་པའི་ཀློག་དེབ《བོད་དུ་མིའི་འགྲོ་བ་བྱུང་བའི་ལོ་རྒྱུས》དཔེ་སྐྲུན་བྱས་པ།
ཉེ་ལམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི《བོད་དུ་མིའི་འགྲོ་བ་བྱུང་བའི་ལོ་རྒྱུས》ཞེས་པའི་རིས་དེབ་འདི་ནི། འཇིགས་བྱེད་ཚེ་རིང་གིས་བརྩམས་པ་དང་ཡེ་ཤེས་འཚོ་ཡིས་བར་བཅུག་རི་མོ་བྲིས་ནས་གྲུབ་པའི་ལོ་ཆུང་གཞོན་ནུའི་ཀློག་དེབ་ཅིག་ཡིན།
དེབ་འདིར་རྩོམ་པ་པོས་བཀའ་ཆེམས་བཀའ་ཁོལ་མ་དང་མ་ཎི་བཀའ་འབུམ། སྦ་བཞེད་དང་དབུ་ནག་མིའུ་འདྲ་ཆགས་སོགས་ཁུངས་ཐུབ་ཀྱི་ལོ་རྒྱུས་དང་ཆོས་འབྱུང་གང་མང་ལ་གཞི་བཅོལ་ཡོད་པས། ན་ཆུང་གཞོན་ནུ་རྣམས་ཀྱིས་དེབ་འདི་ལས་ཡིག་རིས་ཟུང་ལྡན་གྱིས་བོད་ཀྱི་མེས་པོའི་བྱུང་འཕེལ་གྱི་ལོ་རྒྱུས་རྟོགས་ཐུབ་པ་མ་ཟད། བོད་ཡིག་གི་དཔེ་ཀློག་ནུས་པའང་སྐྱེད་སྲིང་བྱ་ནུས་པར་གདོན་མི་ཟའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com