༄༅།།《མཚུར་ཕུ་རྒྱལ་ཚབ་རིམ་བྱོན་གྱི་གསུང་འབུམ》(༡-༥)དཔེ་སྐྲུན་བྱས། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-02-01 09:15:52 ཀློག་གྲངས།:
      དེ་ཡང་ཁ་བ་གངས་རིའི་ལྗོངས་འདིར་རང་རེའི་མེས་པོ་རྣམས་ཀྱིས་དཀའ་ཚེགས་དང་རྔུལ་ཆུའི་ཁྲོད་ནས་ཉམས་མྱོང་དང་ཤེས་རབ་ཀྱིས་བསྐྲུན་པའི་རིག་གཞུང་བསམ་གྱིས་མི་ཁྱབ་པ་དག་རང་ཅག་བུ་རབས་ཚ་རྒྱུད་རྣམས་ཀྱིས་མྱུར་སྐྱོབ་དང་རྒྱུན་འཛིན་བྱ་རྒྱ་ནི་དུས་རབས་འདིར་ལྷག་པའི་ང་ཚོའི་འོས་འགན་དུ་སེམས།
གོ་ཤྲཱི་དཔལ་འབྱོར་དོན་གྲུབ་ཞབས།
      ཐེངས་འདིར་ཡང་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བགྲང་བྱ་བཅུ་ཕྲག་ལྷག་རིང་འཚོལ་བསྡུ་དང་ཕབ་ཞུས་གང་ལེགས་བྱས་ནས་གྲུབ་པའི་པོད་ལྔའི་བདག་ཉིད་ཅན《མཚུར་ཕུ་རྒྱལ་ཚབ་རིམ་བྱོན་གྱི་གསུང་འབུམ》ཞེས་བྱ་བ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྒྱལ་ཚབ་རིམ་བྱོན་གྱི་གསུང་འབུམ་དཔེ་རྙིང་།
      གསུང་འབུམ་འདིའི་གོ་རིམ་སྒྲིག་སྟངས་ནི། ཐོག་མར་རྒྱལ་ཚབ་སྐུ་ཕྲེང་དང་པོ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ནས་སྐུ་ཕྲེང་རིམ་པར་དུས་རབས་དང་བསྟུན་ནས་གོ་རིམ་བཞིན་བསྒྲིགས་ཤིང་། དེབ་ལྔར་བགོས་ནས་ལྡེབ་གྲངས་དང་ཡིག་ཕྲེང་སྙོམས་པར་བྱས་ཏེ། ཀློག་བདེ་ཆེད་ཡིག་གཟུགས་ཀྱང་གདམ་གསེས་གང་ལེགས་བྱས་ནས་ཆེ་ཆུང་འཚམ་པོར་བཀོལ་བ་དང་། དེང་དུས་ཀྱི་སྤྱི་འགྲོས་ལྟར་གཞུང་གི་ས་བཅད་རྣམས་ཟུར་དུ་ཕྱུང་སྟེ་དཀར་ཆག་ཞིབ་ཕྲར་བཀོད་ཡོད་ཀྱང་། རྩ་བའི་གཞུང་ཉིད་གནའ་དཔེ་ཁོ་ན་ལྟར་བཅོས་སླད་མེད་པར་རང་སོར་བཞག་ཡོད་པ་མ་ཟད། རལ་བ་དང་སྤར་སྐྱོན་གྱིས་མི་གསལ་བ་རྣམས་མ་དཔེ་གཉིས་ཡོད་པ་དང་རིགས་མཐུན་གྱི་དཔེ་གཞན་ལ་གཟབ་ནན་གྱིས་བསྡུར་ཞིང་ལྷག་ཆད་དག་གསབ་ཡོད།
རྒྱལ་ཚབ་རིམ་བྱོན་གྱི་གསུང་འབུམ་དཔེ་རྙིང་།
      དེས་ན་གསུང་འབུམ་འདིར་གྲགས་ཅན་མི་སྣ་དུ་མའི་ལོ་རྒྱུས་དང་། དུས་རབས་རིམ་བྱུང་གི་སྤྱི་ཚོགས་ཀྱི་གནས་སྟངས། མདོ་སྔགས་ཀྱི་རིག་གཞུང་དུ་མའི་རྣམ་བཤད་མཆིས་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྔར་མེད་ཀྱི་ཤེས་བྱ་དུ་མ་སྟེར་ནུས་པ་མ་ཟད་བོད་ཀྱི་རིག་གཞུང་ཉམས་ཞིབ་པ་རྣམས་ལ་ཤིན་ཏུ་མཁོ་བའི་དཔྱད་གཞི་གལ་ཆེན་དུ་ཡང་འཁུམ་མོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།