ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།《སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཆེན་མོ》ཞེས་པ་དཔེ་སྐྲུན་བྱས།
༄༅།།《སྡེ་དགེའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཆེན་མོ》ཞེས་པ་དཔེ་སྐྲུན་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-03-30 08:55:20
ཀློག་གྲངས།:


དུས་རབས་བཅོ་བརྒྱད་པའི་མཇུག་ལ(1794-1798)ཆེ་ཡོལ་རིག་འཛིན་ཆེན་པོའི་བཀས་བསྐུལ་ནས་སྡེ་དགེའི་ཆོས་རྒྱལ་ས་དབང་བདེ་དགའ་བཟང་པོའི་བཙུན་མོ། སྒ་རྗེ་བཟའ་ཚེ་དབང་ལྷ་མོས་བདག་རྐྱེན་གནང་ནས་སྔོན་གྱི་རྒྱུད་འབུམ་བྲིས་མ་མང་པོ་བསགས་ནས་ཕན་ཚུན་བསྡུར་ཏེ། སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་ཤིང་པར་དུ་བཞེངས་པ་ལ། ཞེ་དྲུང་པདྨ་རྣམ་དག་གིས་ཞུ་ཆེན་དང་། ཀཿཐོག་དགེ་རྩེ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ཀྱིས་ཞུ་ཆེན་དང་དེའི་དཀར་ཆག《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ》ཞེས་པ་མཛད། འདི་ལ་དཀར་ཆག་དང་བཅས་པོད་༢༦བཞུགས་ཤིང་། འདི་ནི་དེང་དུས་རྒྱལ་ཕྱི་ནང་དུ་དར་ཁྱབ་ཆེ་བའི་རྒྱུད་འབུམ་ཉག་གཅིག་ཡིན་ལ། ལོ་རྒྱུས་སྟེང་སྔ་འགྱུར་གྱི་རྒྱུད་འབུམ་ཆ་ཚང་པར་དུ་བརྐོས་པ་གཅིག་པུའང་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།