ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།《བོད་ལུགས་གསོ་རིག་གི་ངོས་བཟུང་རྟགས་ལས་ལྕེའི་བརྟག་ཐབས》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
༄༅།།《བོད་ལུགས་གསོ་རིག་གི་ངོས་བཟུང་རྟགས་ལས་ལྕེའི་བརྟག་ཐབས》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-05-28 09:38:54
ཀློག་གྲངས།:

ཉེ་ཆར། རྣམ་ཐར་འཚོ་ཡི་བརྩམས་དེབ《བོད་ལུགས་གསོ་རིག་གི་ངོས་བཟུང་རྟགས་ལས་ལྕེའི་བརྟག་ཐབས》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
དེབ་འདིའི་ནང་དོན་གཙོ་བོ་ནི་བོད་ལུགས་གསོ་རིག་གི་རྩ་བའི་བརྟག་ཐབས་གསུམ་གྱི་ཡ་གྱལ་ལྕེའི་བརྟག་ཐབས་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བྱེད་པའི་ཆེད་དུ་ཉམས་ཡིག་དང་ཕྱི་འགྲེལ་སོགས་ལས་ལྕེ་བརྟག་རིག་པའི་འབྲེལ་ཡོད་ཡིག་ཆ་སྔོག་འདོན་དང་ལེགས་སྒྲིག་བྱས་པའི་རྨང་གཞིའི་ཐོག་ནད་ཐོག་བརྒྱུད་དེ་ལྕེ་རྟགས་དཔེ་མཚོན་པར་རིས་འཚོལ་སྡུད་བྱས་ཏེ་བོད་ལུགས་གསོ་རིག་གི་ལྕེ་བརྟག་རིག་པ་མདོར་བསྡུས་ཙམ་གླེང་བ་ཞིག་སྟེ། ལྕེ་བརྟག་རིག་པའི་ཞིབ་འཇུག་གི་གནས་བབས་དང་དགོས་མཁོ། དབང་རྟེན་ལྕེའི་གྲུབ་ལུགས། ལྕེའི་དབྱེ་བ་དང་བྱེད་ལས། ལྕེའི་འབྲེལ་འབྱོར། ནད་མེད་ཀྱི་ལྕེ་རྟགས། ནད་ཅན་གྱི་ལྕེ་རྟགས་སྟེ་ལྕེ་མདོག ལྕེ་གཟུགས། ལྕེ་དྲེག ལྕེ་རྩ་སོགས་ལ་བརྟག་ཐབས། ལྕེ་རྟགས་ལས་ནད་ཀྱི་ལྕི་ཡང་དང་། ནད་པའི་འཚོ་འཆི། ནད་ཀྱི་འཕེལ་འགྲིབ། ནད་ཀྱི་གནས་དང་འཚོ་བཅུད་སོགས་ལ་བརྟག་ཐབས་བཅས་གླེང་ཡོད་དོ།།

རྩོམ་པ་པོ་ངོ་སྤྲོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།