དེབ་གསར། 《ལུས་རྩལ་དང་བདེ་ཐང》དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2021-07-07 09:09:47
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་ཨ་གྲོལ་གྱིས་སྒྲིག་རྩོམ་བྱས་པའི《ལུས་རྩལ་དང་བདེ་ཐང》ཞེས་པའི་དེབ་གསར་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
བདེ་ཐང་ནི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་དང་མི་ཚེའི་དགོས་མཁོ་དང་པོ། འཚོ་གནས་ཀྱི་སྔོན་འགྲོའི་ཆ་རྐྱེན། མིའི་དབང་ཆ་དང་པོ། མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པར་མ་ཟད། མིའི་རིགས་ཀྱི་རྩ་ཆེའི་ཐོན་ཁུངས་དང་ཁྱད་ནོར་ཡིན་ལ། མིའི་རིགས་ཀྱིས་ནམ་ཡང་རེ་སྙེག་བྱེད་པའི་དམིགས་ཡུལ་གཅིག་པུ་ཡང་ཡིན།
དེབ་འདི་ནི་མི་རྣམས་ཀྱིས་ལུས་རྩལ་དང་ལུས་སེམས་བདེ་ཐང་གི་རིན་ཐང་སྔར་ལས་ཤེས་རྟོགས་དང་། ལུས་སྦྱོང་དང་བདེ་ཐང་གི་འདུ་ཤེས་མཐོར་འདེགས། བོད་ཁུལ་གྱི་ཆུང་འབྲིང་སློབ་གྲྭའི་ལུས་རྩལ་ཆེད་ལས་མིན་པའི་ལུས་རྩལ་སློབ་གསོའི་བྱ་བ་སྒྲུབ་མཁན་དག་གི་ཟུར་ལྟའི་ཀློག་དེབ་ཅིག་ཡིན། དེབ་འདིར་ལུས་ཁམས་ཀྱི་རང་བཞིན་དང་རྣམ་གཞག ལུས་རྩལ་དང་བདེ་ཐང་གི་རིན་ཐང་། ཡོ་ག་དང་ལུས་སེམས་བདེ་ཐང་། ལུས་སྦྱོང་དང་ལུས་སེམས་བདེ་ཐང་། ལུས་སྦྱོང་གི་རྩ་དོན་དང་བྱ་ཐབས། ལུས་རྩལ་འཕྲོད་བསྟེན། ལུས་རྩལ་སློབ་གསོ་སོགས་ས་བཅད་བརྒྱད་ལྷག་གིས་གྲུབ་པར་བྱས་ཡོད། དེ་ལས་ལུས་རྩལ་སྦྱོང་བརྡར་ཁྲོད་འབྱུང་སླ་བའི་གནད་དོན་དང་སྔོན་འགོག ཚན་རིག་དང་མཐུན་པར་ལུས་སྦྱོང་བྱ་ཐབས་སོགས་ཞིབ་ཏུ་བརྗོད་ཡོད་དོ།
བདེ་ཐང་ནི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་དང་མི་ཚེའི་དགོས་མཁོ་དང་པོ། འཚོ་གནས་ཀྱི་སྔོན་འགྲོའི་ཆ་རྐྱེན། མིའི་དབང་ཆ་དང་པོ། མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པར་མ་ཟད། མིའི་རིགས་ཀྱི་རྩ་ཆེའི་ཐོན་ཁུངས་དང་ཁྱད་ནོར་ཡིན་ལ། མིའི་རིགས་ཀྱིས་ནམ་ཡང་རེ་སྙེག་བྱེད་པའི་དམིགས་ཡུལ་གཅིག་པུ་ཡང་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།