ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་འབུམ་དཔེ་སྐྲུན་འགྲེམ་སྤེལ་བྱས།
ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་འབུམ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2021-07-13 08:54:22
ཀློག་གྲངས།:6504
དེ་ཡང་མདོ་སྔགས་རིག་གཞུང་རྒྱ་མཚོའི་གཞུང་ལ་མཁྱེན་རབ་ཀྱི་སྤྱན་རས་མཆོག་ཏུ་གསལ་ཞིང་། གངས་ཅན་གསུང་རབ་གཙུག་ལག་གི་བསྟན་པ་མི་ནུབ་པའི་རྒྱལ་མཚན་བསྒྲེང་བའི་ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་ཞུ་ཆེན་རིན་པོ་ཆེ་ཚུལ་ཁྲིམས་རིན་ཆེན་ནམ་ངག་དབང་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་དབྱངས་ཅན་སྙེམས་པའི་ལང་ཚོའི་སྡེ་ཡི་བཀའ་འབུམ་པོད་བཅུ་གཅིག་གི་བདག་ཉིད་ཅན་འདི་ཉིད་ཉེ་ལམ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
ད་ལྟ་རང་རེའི་བློ་མིག་གི་དགའ་སྟོན་དུ་བཞུགས་སུ་གསོལ་བའི་གསུང་འབུམ་པོད་བཅུ་གཅིག་གི་བདག་ཉིད་ཅན་འདི་ནི་སྤྱི་ལོ༢༠༡༣ལོ་ནས་དབུ་བཙུགས་ཏེ་སྤྱི་ལོ༢༠༢༡ལོའི་བར་མཐུན་རྐྱེན་གང་མང་སྦྱར་ནས་ས་དཀར་དགོན་ནས་སྒྲིག་ཞུས་བྱས་པ་ཡིན། སྤྱིར་སྡེ་དགེ་པར་ཁང་དུ་བཞུགས་པའི་ཞུ་ཆེན་བཀའ་འབུམ་ལ་པོད་བཅུ་ལས་མེད་ཅིང་། དེའི་ནང་དུ་སྡེ་དགེའི་ཆོས་རྒྱལ་ཡོན་མཆོད་ཟུང་གིས་བསྐུལ་བའི་བསྟན་འགྱུར་དཀར་ཆག་ཆེན་མོ་སྡེ་དགེ་པར་མ་པོད་བཅུ་གཅིག་གི་བདག་ཉིད་དེ་མ་བཙུད་པར་བསྟན་འགྱུར་ཆེན་མོའི་ནང་དུ་བཞུགས་འདུག་པ་ཀློག་པ་པོར་སྟབས་བདེ་བ་སོགས་ལ་དམིགས་ནས་བསྟན་འགྱུར་དཀར་ཆག་དེ་སྟོད་སྨད་གཉིས་སུ་ཕྱེས་ནས་བཀའ་འབུམ་གྱི་ནང་དུ་བཞུགས་སུ་གསོལ་ཡོད་དོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།