ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ཤངས་གཞུང་ལོ་རྒྱུས་དཔེ་ཚོགས་ལས་དེབ་དང་པོ་《གཙང་རྣམ་གླིང་ཁུལ་གྱི་སྲིད་རབས་ལོ་རྒྱུས་སྐྱེད་མའི་ནུ་རིན་》ཞེས་པ་འགྲེམས་སྤེལ་བྱས་པ།
ཤངས་གཞུང་ལོ་རྒྱུས་དཔེ་ཚོགས་ལས་དེབ་དང་པོ་《གཙང་རྣམ་གླིང་ཁུལ་གྱི་སྲིད་རབས་ལོ་རྒྱུས་སྐྱེད་མའི་ནུ་རིན་》ཞེས་པ་འགྲེམས་སྤེལ་བྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:དབུས་གཙང་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2021-10-09 08:54:07
ཀློག་གྲངས།:10775
ཉེ་ཆར། བོད་ལྗོངས་སློབ་གྲྭ་ཆེན་མོར་འབུམ་རམས་པར་སློབ་གཉེར་གནང་བཞིན་པའི་རྡོ་རྗེ་ཚེ་དབང་ལགས་ཀྱི《གཙང་རྣམ་གླིང་ཁུལ་གྱི་སྲིད་རབས་ལོ་རྒྱུས་སྐྱེད་མའི་ནུ་རིན་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག

༄༅། ། དཔེ་ཚོགས་སྤྱིའི་གླེང་སློང་བའི་གཏམ།།
གྲངས་མེད་བསྐལ་པར་གོམས་པའི་ཐུགས་བསྐྱེད་ཀྱི་གྲུ་ཆར། །
ཉོན་མོངས་ཚ་གདུང་འཇིལ་བའི་ནུས་ལྡན་གྱི་སྨན་མཆོག །
སྙིགས་དུས་སྐྱེ་འགྲོ་ཡོངས་ཀྱི་རྨོངས་མུན་ཀུན་སེལ་མཛད། །
བཅོམ་ལྡན་ལྷག་པའི་ལྷ་ཡིས་དགེ་ལེགས་ཤིག་སྩོལ་མཛད། །
གངས་དཀར་ཤེལ་རིའི་ཕོ་བྲང་བཀོད་ལེགས་ཀྱི་དབུས་སུ། །
སྐབས་གསུམ་སྙེགས་པ་རབ་འཕྲོག་ངོ་མཚར་གྱི་གཙང་ལྗོངས། །
གཙང་ཡུལ་ནོར་འཛིན་དགའ་མའི་བྱང་རྒྱུད་དུ་ཆགས་པའི། །
རྣམ་རྒྱལ་གླིང་ཞེས་རབ་གྲགས་ཡིད་འོང་གི་གནས་བཟང་། །
ལོ་ཟླའི་ཕང་བར་འཐིམས་པའི་གཏམ་རྒྱུད་ཀྱི་དོ་ཤལ། །
སྙན་འཇེབས་ཚིག་ཕྲེང་སྦྱོར་བའི་སྲད་བུ་ལ་བརྒྱུས་ཏེ། །
ཤེས་དཔལ་ལང་ཚོ་བདོ་བའི་ཤངས་གཞུང་གི་སྒེག་མོར། །
དུས་མཐའི་མི་ཕོ་འགུག་པའི་མཛེས་རྒྱན་ཞིག་གདགས་འདོད། །
གྲངས་མེད་བསྐལ་པར་གོམས་པའི་ཐུགས་བསྐྱེད་ཀྱི་གྲུ་ཆར། །
ཉོན་མོངས་ཚ་གདུང་འཇིལ་བའི་ནུས་ལྡན་གྱི་སྨན་མཆོག །
སྙིགས་དུས་སྐྱེ་འགྲོ་ཡོངས་ཀྱི་རྨོངས་མུན་ཀུན་སེལ་མཛད། །
བཅོམ་ལྡན་ལྷག་པའི་ལྷ་ཡིས་དགེ་ལེགས་ཤིག་སྩོལ་མཛད། །
གངས་དཀར་ཤེལ་རིའི་ཕོ་བྲང་བཀོད་ལེགས་ཀྱི་དབུས་སུ། །
སྐབས་གསུམ་སྙེགས་པ་རབ་འཕྲོག་ངོ་མཚར་གྱི་གཙང་ལྗོངས། །
གཙང་ཡུལ་ནོར་འཛིན་དགའ་མའི་བྱང་རྒྱུད་དུ་ཆགས་པའི། །
རྣམ་རྒྱལ་གླིང་ཞེས་རབ་གྲགས་ཡིད་འོང་གི་གནས་བཟང་། །
ལོ་ཟླའི་ཕང་བར་འཐིམས་པའི་གཏམ་རྒྱུད་ཀྱི་དོ་ཤལ། །
སྙན་འཇེབས་ཚིག་ཕྲེང་སྦྱོར་བའི་སྲད་བུ་ལ་བརྒྱུས་ཏེ། །
ཤེས་དཔལ་ལང་ཚོ་བདོ་བའི་ཤངས་གཞུང་གི་སྒེག་མོར། །
དུས་མཐའི་མི་ཕོ་འགུག་པའི་མཛེས་རྒྱན་ཞིག་གདགས་འདོད། །


《གཙང་རྣམ་གླིང་ཁུལ་གྱི་སྲིད་རབས་ལོ་རྒྱུས་སྐྱེད་མའི་ནུ་རིན་》ཞེས་པ་འདིར། གཙང་རྣམ་གླིང་ཁུལ་གྱི་ལོ་རྒྱུས་སྲིད་དོན་ཆེ་གྲས་རྣམས་སྔ་ཕྱིའི་དུས་རིམ་གཙོ་ཐིག་ཏུ་བཟུང་ནས་བཀོད་པ་སྟེ། ཐོག་མར་རྡོ་ཆས་གསར་རྙིང་གི་གནའ་ཤུལ་དང་། བྲག་བརྐོས་རི་མོ་སོགས་ཀྱི་གདོད་མའི་ཤེས་རིག་ནས་འགོ་བརྩམས་ཏེ། རྒྱལ་ཕྲན་སིལ་མའི་སྐབས་སུ་ཡུལ་འདིར་བྱུང་བའི་རྒྱལ་ཕྲན། སྤུ་རྒྱལ་གནམ་གྱི་ཁྲི་བདུན་སྐུ་དུས་སུ་བཏབ་པའི་གཡུང་དྲུང་བོན་གྱི་གསས་མཁར། དེ་བཞིན་བཙན་པོའི་གཅིག་གྱུར་རྒྱལ་རབས་སྐབས་ཆོས་རྒྱལ་སྲོང་བཙན་དང་། མང་སྲོང་མང་བཙན་སོགས་བཙན་པོ་དག་ངོ་ཕེབས་གནང་ནས་སྲིད་དོན་སྤེལ་ཚུལ། བོད་སིལ་བུའི་སྐབས་སུ་བྱུང་བའི་ཤངས་པ་བཀའ་བརྒྱུད། ས་ཕག་རིན་གཙང་དུས་ཀྱི་ཤངས་པ་ཁྲི་སྐོར། ལྷག་ཏུ་དགའ་ལྡན་ཕོ་བྲང་སྐབས་ཀྱི་རྫོང་མཁར་ཁག་བཞི་དང་། སྒེར་པ་ཆེ་ཆུང་ཁག་སོ་གཉིས། གཞིས་ཀ་ཁག་བདུན་ཅུ། སྔགས་རྒྱུད་ཆེ་གྲས་བརྒྱད། གྲོང་དྲག་བཞི་ལྷག་དང་། གཞན་ཡང་སྤྱིར་མིག་སྔའི་ཤང་དང་གྲོང་རྡལ་སྡེ་ཚན་དུ་བྱས་ནས་ས་མིང་གཙོ་བོ་འགའ་ཤས་ཀྱི་ཐོགས་ཚུལ་དང་དཔྱད་ཁུངས། ཡུལ་སྡེ་སོ་སོའི་ཆགས་བབས་མཚོན་པའི་ལུང་བཤད། ཡུལ་འདིར་གནས་པའི་གནའ་བོའི་བང་སོ་དང་ལྕགས་ཟམ། རྡོ་རིང་དང་བྲག་བརྐོས་སྐུ་བརྙན་སོགས་ཀྱི་སྐོར་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བཀོད་པ་ལགས། ཞེས་རྩོམ་པ་པོས།

དཔེ་ཚོགས་འདིའི་རྩོམ་པ་པོ་རྡོ་རྗེ་ཚེ་དབང་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་གླང་ལོར(སྤྱི་ལོ་1985)བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྒྱ་མཚོ་ཤང་གི་ཞིང་པ་ཕལ་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། སྤྱི་ལོ་༢༠༠༦ལོར་ལྷ་ས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན། སྔ་རྗེས་སུ་རྣམ་གླིང་རྗོང་ཕུ་འདམ་ཤང་སློབ་ཆུང་དང་། རྣམ་གླིང་སློབ་འབྲིང་གཉིས་པ། གཞིས་རྩེ་མཐོ་རིམ་སློབ་འབྲིང་དང་པོ་བཅས་སུ་སློབ་ཁྲིད་ཀྱི་བྱ་བ་གཉེར། སྤྱི་ལོ་༢༠༠༩ལོར་ཤེས་རམས་ཞིམ་འཇུག་སློབ་མར་ཡིག་རྒྱུགས་འཕྲོད་དེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་ཆེད་ལས་ལ་སློབ་གཉེར་གནང་། ༢༠༡༢ལོར་གཡུར་ཟའི་གྲུབ་འབྲས་ཀྱིས་ཁྲིམས་རིག་ཤེས་རམས་པའི་གོ་མིང་ཐོབ། བརྩམས་ཆོས་གཙོ་བོར་《དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་འབྱུང་གསེར་ཆོས་ཞིང་གི་ས་བོན་》དང་། རྒྱ་ཡིག་མཉམ་དེབ་《ཡིད་དབང་འཕྲོག་པའི་གཞིས་ཀ་རྩེ་》རྩོམ་སྒྲིག་དང་ 《མཛེས་པའི་གཞིས་ཀ་རྩེའི་དཔེ་ཚོགས་》རྩོམ་སྒྲིག་བྱས་པ་བཅས་དཔར་བསྐྲུན་འགྲེམས་སྤེལ་བྱས། གཞན་ཡང་།《ཀྲུང་གོའི་བོད་རིག་པ་》དང་ 《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་ 》《བོད་ཀྱི་དམངས་སྲོལ་རིག་གནས་》《སྤང་རྒྱན་མེ་ཏོག》《ཇོ་མོ་གླང་མ་》སོགས་ཀྱི་དུས་དེབ་ཐོག་ཆོས་ལུགས་ལོ་རྒྱུས་དང་། དམངས་ཁྲོད་རིག་གནས་སོགས་ཀྱིས་མཚོན་པའི་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་ཙམ་སྤེལ་ཟིན། དེང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གཉེར་གནང་མུས་ཡིན་ལ། ཞིམ་འཇུག་ཁ་ཕྱོགས་གཙོ་བོ་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།