༄༅། །བོད་བརྒྱུད་ནང་བསྟན་སྒྱུ་རྩལ་དེབ་གཉིས་པ་ཞིབ་འཇུག་དཔེ་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2021-12-21 11:39:46 ཀློག་གྲངས།:
        ཉེ་ཆར། ཀུན་བཟང་རྒྱལ་མཚན་དང་ནམ་མཁའ་ཚེ་རིང་གིས་གཙོ་སྒྲིག་བྱས་པའི་༼བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག༽གི་སྤྱིའི་དེབ་གྲངས་གཉིས་པ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
        དེབ་འདི་ཉིད་ནི་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་གྱི་མཐོང་སྣང་བསྐྱེད་དེ་བོད་རིག་པ་དང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་གི་སྡིངས་ཆར་སྒྱུ་རྩལ་དང་གནའ་དཔྱད། རི་མོའི་གྲུབ་མཐའ་དང་བྲིས་རྒྱུན། བྲིས་འབུར་སྐུ་བརྙན་བརྟག་ཐབས་བཅས་གནའ་དེང་གི་བཟོ་རིག་པའི་བསྟན་བཅོས་དང་རི་མོའི་སྒྱུ་རྩལ་གྱི་གཞུང་ལུགས་སྐོར་ལ་མཐོང་རྒྱ་ཡངས་པའི་ཞིབ་འཇུག་པ་གྲགས་ཅན་འགས་སྣེ་དྲངས་ཏེ་རྒྱ་བོད་ཡིག་རིགས་གཉིས་ཆར་གྱི་ལམ་ནས་དཔྱད་འབྲས་ཉི་ཤུ་ལྷག་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ལ། དཔྱད་རྩོམ་འདི་དག་གི་དཔྱད་དོན་རྒྱ་ཆེ་ལ་བརྗོད་བྱ་གཏིང་ཟབ་པ། དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་ལ་དཔྱད་བརྗོད་ཐབས་ལམ་སྣ་ཚོགས་ལྡན། སྒྱུ་རྩལ་ལོ་རྒྱུས་སོགས་ཀྱི་གནད་དོན་ཆེ་ཆུང་གང་ལ་ཡང་ལུང་ཙམ་འཛིན་པའི་ཟེར་སྒྲོས་ཀྱི་རྗེས་སུ་མ་འབྲངས་པར་ཕྲ་ཞིབ་རིག་པའི་ལམ་ནས་རང་སྟོབས་ཀྱིས་ཞིབ་འཇུག་བྱས་པའི་མཇུག་བསྡོམས་ཚད་འཛིན་ཡང་དག་ཅིག་མ་བྱུང་བར་དུ་རང་འགར་མི་འཇོག་པའི་སྙིང་སྟོབས་བརྟན་པོ་ཞིག་ཡིན་སྟབས། སྒྱུ་རྩལ་ལོ་རྒྱུས་དང་། རིག་གཞུང་ཞིབ་འཇུག་གི་ཆེད་རྩོམ་ལ་དམིགས་བསལ་ལྟ་ཚུལ་དང་ཁྱད་ཆོས་ལྡན་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་སོགས་ཀྱི་ཁྱད་ཆོས་དུ་མས་ཕྱུག་འདུག་པས་ན་རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་སྔར་བསྟར་བ་ལགས་སོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།