སྡེ་དགེ་རྒྱལ་པོའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་ཕྱོགས་བསྒྲིགས་དང་ཞིབ་འཇུག་ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2021-12-27 15:51:16 ཀློག་གྲངས།:
        ཀརྨ་རྒྱལ་མཚན་གྱིས་བརྩམས་གྲུབ་གནང་བའི་༼སྡེ་དགེ་རྒྱལ་པོའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་ཕྱོགས་བསྒྲིགས་དང་ཞིབ་འཇུག༽ཅེས་པའི་དེབ་གསར་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
        དཔེ་དེབ་འདི་ནི་རྩོམ་པ་པོས་ལོ་མང་པོར་བསྡུ་སྒྲིག་དང་དེ་འབྲེལ་རྩོམ་ཡིག་གིས་ཟུར་བརྒྱན་ནས་བྲིས་པའི་ཡིག་ཆ་གསར་བ་ཞིག་ཡིན་ཞིང་། འདིར་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་གདུང་རབས་ཁམས་གསུམ་ཟིལ་གནོན་འབྲེལ་ཚ་དོན་ལྡན་དང་། མདོ་སྨད་ནོར་ལྡན་གྱི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་ས་དབང་སྡེ་དགེའི་གདུང་རབས་ལས་འཕྲོས་པའི་གཏམ་བཤད་ངོ་མཚར་མཆོག་གི་གཏེར་མཛོད། ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ་འདོད་དགུ་རབ་འཕེལ། དཔལ་ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ་ལས་འཕྲོས་པའི་ཆོས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་གཟུར་གནས་བློ་ལྡན་དགྱེས་པའི་ཏམྦུ་ར་བྱ་བ་སོགས་ཡིག་ཆ་རྩ་ཆེན་རྣམས་བསྡུ་སྒྲིག་བྱས་ཡོད། དེ་དག་གི་ནང་དོན་སྡེ་དགེ་རྒྱལ་པོའི་རིགས་རུས་དང་མཛད་རྗེས། རྒྱལ་རབས་ལོ་ཚིགས། དཔེ་མཛོད། གནའ་ཤུལ། བཀའ་ཤོག་སོགས་འདུས་པས། འདིའི་ཕྱོགས་ཀྱི་ཞིབ་འཇུག་པ་རྣམས་ལ་གལ་ཆེའི་རྒྱུ་ཆ་མཁོ་འདོན་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།