«མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས»ཅེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-05-12 08:52:25 ཀློག་གྲངས།:
       ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ལྷན་གཞུང་དོན་ཁང་གིས་རྩ་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི«མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས»མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
       «མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས»ཅེས་པར་བསྡོམས་པས་དེབ་ལྔ་ཡོད་ལ། སོ་སོར«ལོ་རྒྱུས་སྔོན་གྱི་མཚོ་སྔོན»དང་། «ཆའང་རིགས་ནུབ་མའི་རྗེས་ཤུལ» «རྩྭ་ཐང་གི་འ་ཞ་རྒྱལ་རབས» «ནན་ལེའང་རྒྱལ་རབས་ཀྱི་གཏམ་རྒྱུད» «ཚོང་དོན་ཁྲོམ་ར»བཅས་ལས་གྲུབ་པ་ཞིག་རེད། དེ་ནི2004ལོར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཇུས་འགོད་རྩོམ་སྒྲིག་བྱས་པའི«མཚོ་སྔོན་གྱི་ལོ་རྒྱུས་གཏམ་བཤད»ཀྱི་རྨང་གཞིའི་སྟེང་། དེ་སྔའི་རྩོམ་སྒྲིག་པས་ནན་ཏན་ངང་ཞིབ་བསྡུར་བྱས་པ་དང་། བཟོ་བཅོས་ཡང་ཡང་བྱས་པ་བརྒྱུད་འགྲེམ་སྤེལ་བྱས་པ་ཡིན་ལ། དཔེ་ཚོགས་འདིས་མཚོ་སྔོན་ས་གནས་ཀྱི་ལོ་རྒྱུས་དང་ས་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་གདལ་གཏོང་རྒྱུར་ཁ་ཕྱོགས་ཏེ། རྩོམ་སྒྲིག་གི་སྤུས་ཚད་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་། མ་ལག་དང་བདེན་པ། གསོན་ཉམས་ལྡན་པ། མདོར་བསྡུས་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཡོང་བར་བྱས་པས་ཤེས་བྱའི་རང་བཞིན་དང་། སྤྲོ་སྣང་རང་བཞིན། ལྟ་ཀློག་རང་བཞིན་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན།
       ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ལྷན་གཞུང་དོན་ཁང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཁྲོད་ཡུལ་བཤད་རིག་གནས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ། དུས་རབས་གསར་པའི་ཁྲོད་ཀྱི་ས་གནས་ཀྱི་ལོ་རྒྱུས་རིན་ཐང་གི་ལྟེ་བའི་ལས་འགན་དེ་མཚོན་པར་བྱས་ནས། ཁྱད་ལྡན་གྱི་ལོ་རྒྱུས་དཔེ་དེབ་དང་དེ་བཞིན་ས་ཆའི་གནས་ཚུལ་གྱི་དཔྱད་ཡིག་ཁག་གཅིག་རྩ་འཛུགས་དང་ཇུས་འགོད་བྱས་པ་རེད། རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་མཚོ་སྔོན་གྱི་ཕུལ་བྱུང་ལོ་རྒྱུས་རིག་གནས་སྔོག་འདོན་དང་། བེད་སྤྱོད། རྒྱུན་འཛིན་བཅས་ལ་དོ་སྣང་ཆེན་པོ་བྱས་ཐོག རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ནས་མི་རྣམས་ཀྱིས་མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་མིང་གྲགས་ཞིང་ཆེན་གསར་སྐྲུན་བྱ་རྒྱུར་བྱས་རྗེས་བཞག་ཡོད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།