བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་ལྡེབས་རིས་སྒྱུ་རྩལ་སྐོར་གྱི་ལྷོ་ཁའི་ལྡེབས་རིས༼༢༽

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-05-29 22:11:06 ཀློག་གྲངས།:
       «བོད་ཀྱི་མཛེས་རྩལ་ཀུན་བཏུས»ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན། འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ། །
ལྷ་སྐུ།
མཆོད་སྦྱིན་མཁན།
       དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་ལྡེབས་རིས་སྒྱུ་རྩལ་སྐོར་གྱི་ལྷོ་ཁའི་ལྡེབས་རིསཞེས་པ་དེ་ཡིན། འདིར་གྲ་ཐང་དགོན་པའི་ལྡེབས་རིས་བསྒྲིགས་ཡོད་ཅིང་། མིག་སྔའི་བར་དུས་རབས་བཅུ་གཅིག་པའི་དུས་སྨད་ཀྱི་ལྡེབས་རིས་ཉར་ཚགས་བྱས་པ་ལེགས་གྲས་ཀྱི་གྲས་ཡིན། དེབ་འདིར་གཙོ་བོར་གྲ་ཐང་དགོན་པའི་དབུས་ལྷ་ཁང་ནང་གི་ལྡེབས་རིས་བཅུ་ཡི་བཞེངས་སྟངས་དང་། གཙོ་སྐུ་སངས་རྒྱས་དང་འཁོར་བྱང་ཆུབ་སེམས་དཔའ། ཉན་ཐོས། མཆོད་སྦྱིན་མཁན། རྒྱན་རིས་སོགས་ངོ་སྤྲོད་བྱས་ཡོད་ལ། ཆབས་ཅིག་སྐབས་དེའི་ཡུལ་ཕྱོགས་གཞན་གྱི་རི་མོའི་སྒྱུ་རྩལ་ལ་བསྡུར་བ་བྱས་ཏེ་དུས་རབས་བཅུ་གཅིག་ཡས་མས་ཀྱི་བོད་ཀྱི་རིག་གནས་ཀྱི་འཕེལ་ཕྱོགས་དང་གྲུབ་རིམ་སོགས་གླེང་ཡོད།
ལྷ་སྐུ་དང་མཆོད་སྦྱིན་མཁན།
མཆོད་སྦྱིན་མཁན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།