ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་དངོས་ཐོན་ཁུངས་རྟོག་ཞིབ་དཔེ་ཚོགས»
«རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་དངོས་ཐོན་ཁུངས་རྟོག་ཞིབ་དཔེ་ཚོགས»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2024-05-13 08:35:24
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་ལས་གཞི«རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་དངོས་ཐོན་ཁུངས་རྟོག་ཞིབ་དཔེ་ཚོགས»དཔེ་སྐྲུན་འགྲེམས་སྤེལ་བྱས། དཔེ་ཚོགས་འདིར«སྲོག་ཆགས་མིང་མཛོད་ཀུན་བཏུས་ཆེན་མོ»དང«རྨ་འབྲི་ཟལ་མོ་སྒང་གི་རྩི་ཤིང་སྔོ་འབུམ་ཆེན་མོ»(སྟོད་སྨད་བར་གསུམ) «འགག་དོག་མོ་གསུམ་གྱི་མོག་ཤ»བཅས་ཁྱོན་དེབ་ལྔ་ཡོད།
«སྲོག་ཆགས་མིང་མཛོད་ཀུན་བཏུས་ཆེན་མོ»ཡི་ནང་དུ་རྨ་འབྲི་རྫ་གསུམ་མགོ་ཁུངས་སུ་འཚོ་བའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གི་ངོས་འཛིན་དེ་བན་བོན་གྱི་བཀའ་བསྟན་སོགས་གཞུང་དང་ཉམས་ཡིག་ཁག དམངས་ཁྲོད་ཀྱི་ཞལ་རྒྱུན་དང་ཡུལ་ལུང་སོ་སོའི་འབོད་ཚུལ། ཚིག་མཛོད་བཅས་ལ་ཁུངས་གཏུགས་ནས་ངོས་འཛིན་གསལ་བོར་བྱས་ཏེ། སོ་སོའི་མིང་གཏན་ཁེལ་དང་འགྲེལ་བཤད་ཁུངས་ཐུབ་ཅན་དུ་བྱས་ཡོད་པས་ན། བོད་ཀྱི་སྲོག་ཆགས་ཚིག་མཛོད་ཐོག་མར་གྲུབ་ཡོད་པ་དང་།
«འགག་དོག་མོ་གསུམ་གྱི་མོག་ཤ»ནི་འགག་དོག་མོ་གསུམ་སྟེ་ཤར་རྒྱལ་མོ་རྔུལ་ཆུའི་འགག་དང་ཟུང་ཆུའི་འགག མཐེ་བོ་བྲག་ཆུའི་འགག་བཅས་སུ་ཡོད་པའི་མོག་ཤར་ཆེད་དུ་རྟོག་ཞིབ་བྱས་ཏེ། མོག་ཤར་རྩ་བའི་དབྱེ་བ༡༥དང་། ནང་གསེས་དབྱེ་བ༥༠༠ཡས་མས་སུ་དབྱེ་སྡུད་མཛད་པ་དང་། སོ་སོའི་གཤིས་ནུས་ལ་འགྲེལ་བཤད་གང་ལེགས་གནང་ཡོད་པས་མོག་ཤའི་དེབ་རྒྱས་ཤོས་དེ་ཆགས་ཡོད།
«རྨ་འབྲི་ཟལ་མོ་སྒང་གི་རྩི་ཤིང་སྔོ་འབུམ་ཆེན་མོ»(སྟོད་སྨད་བར་གསུམ)དུ་གཙོ་བོར་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་ཤིང་སྨན་དང་སྔོ་སྨན༧༢༠ལྷག་ངོས་འཛིན་གནང་ཡོད་པ་དང་། དེ་དག་གི་མིང་དང་གཟུགས་དབྱིབས། གཤིས་ནུས་སོགས«གཡུ་ཐོག་སྔོ་འབུམ»དང«སྒྲོལ་མ་སྔོ་འབུམ» «འཇམ་དབྱངས་སྔོ་འབུམ» «ཤེལ་གོང་ཤེལ་ཕྲེང» «སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང»སོགས་སྨན་གྱི་འཁྲུངས་དཔེ་དང་། མདོ་ཁམས་ཡུལ་གྱི་སྨན་རྩིས་མཁས་དབང་མང་པོའི་ཞལ་རྒྱུན་སོགས་ལ་ཁུངས་གཏུགས་ཏེ་འགྲེལ་བཤད་ཞིབ་རྒྱས་གནང་ཡོད་པ་དང་། སྔོ་སྨན་མང་ཤོས་ཀྱི་རྩ་བ་དང་། ལོ་མ། གཞུང་རྟ། མེ་ཏོག་ཆ་ཚང་པར་དུ་བཏབ་ནས་ཡིག་རིས་ཟུང་སྦྲེལ་དུ་བྱས་ཡོད་པས་ན། འཚོ་བྱེད་ལས་དང་པོ་བས་སྔོ་སྨན་ངོས་འཛིན་བྱེད་སླ་བ་དང་། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྔོ་སྨན་ངོས་འཛིན་གཅིག་གྱུར་ཡོང་བ། ཡུལ་འགོལ་བོ་ན་ལུས་པའི་སྔོ་སྨན་མཐོང་དཀོན་པ་རྣམས་ཀྱང་ངོས་ཟིན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པས། བོད་ལུགས་གསོ་བ་རིག་པའི་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་འཐོན་ཐུབ་སྙམ་མོ། །
དཔེ་ཚོགས་འདི་ནི་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་དངོས་ཐོན་ཁུངས་ཞིབ་འཇུག་སྐོར་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་མ་ཟད། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་གནས་ཀྱི་སྐྱེ་ཁམས་རིག་གནས་སྔོག་འདོན་ཐད་ལ་ནུས་པ་ཆེན་པོ་ཐོན་ཐུབ། དཔེ་ཚོགས་འདི་པར་དུ་བསྐྲུན་པས་བོད་ཡུལ་གྱི་སྐྱེ་ཁམས་རིག་གནས་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།