ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «ཀྲུང་གོ་བོད་རིགས་ཀྱི་གནའ་རབས་ཨར་སྐྲུན་ལོ་རྒྱུས»(དབུས་གཙང་དེབ)
«ཀྲུང་གོ་བོད་རིགས་ཀྱི་གནའ་རབས་ཨར་སྐྲུན་ལོ་རྒྱུས»(དབུས་གཙང་དེབ)
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2024-11-20 08:40:29
ཀློག་གྲངས།:
ཟླ༡༡པའི་ཚེས༡༦ཉིན། བོད་རིགས་ཀྱི་གནའ་རབས་ཨར་སྐྲུན་ཆེད་མཁས་པ་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱི་གསུང་རྩོམ་གསར་པ«ཀྲུང་གོ་བོད་རིགས་ཀྱི་གནའ་རབས་ཨར་སྐྲུན་ལོ་རྒྱུས»(དབུས་གཙང་དེབ)ཅེས་པའི་དེབ་གསར་འགྲེམས་སྤེལ་དང་རྩོམ་པ་པོའི་མཚན་འགོད་ངོ་འཕྲད་ཚོགས་འདུ་དེ་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་འཚོགས། དཔེ་དེབ་འདི་ཡིས་དབུས་གཙང་ས་ཁུལ་གྱི་གནའ་རབས་ཨར་སྐྲུན་ལོ་རྒྱུས་དམིགས་སུ་བཟུང་ནས། རྡོ་ཆས་དུས་རབས་ནས་ཉེ་རབས་དང་དེང་རབས་བར། ཨར་སྐྲུན་གཞི་རྟེན་དུ་བྱས་ནས་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་དར་རྒུད་དང་འཕོ་འགྱུར་ཀློག་པ་པོའི་མིག་ལམ་དུ་མངོན་པར་བྱས་ཡོད།
མི་ཉག་ཆོས་ཀྱི་རྒྱལ་མཚན་གྱི«ཀྲུང་གོ་བོད་རིགས་ཀྱི་གནའ་རབས་ཨར་སྐྲུན་ལོ་རྒྱུས»(དབུས་གཙང་དེབ)ཅེས་པའི་བརྩམས་ཆོས།
དེབ་གསར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། གཙོ་སྐྱོང་བས«ཀྲུང་གོ་བོད་རིགས་ཀྱི་གནའ་རབས་ཨར་སྐྲུན་ལོ་རྒྱུས»(དབུས་གཙང་དེབ)ཅེས་པའི་ནང་དོན་གཙོ་བོ་དང་། དཔེ་དེབ་གྲུབ་པའི་བརྒྱུད་རིམ། གླེང་གཞི་བཅས་ལ་ངོ་སྤྲོད་བྱས། དེབ་འདིའི་ནང་དུ་དབུས་གཙང་གི་གནའ་རབས་ཨར་སྐྲུན་ཀྱི་གནས་ཡུལ་འདེམས་པ་ནས་བཀོད་སྒྲིག འཛུགས་སྐྲུན་རྒྱུ་ཆ་དང་། གྲུབ་ཆའི་བཟོ་རྩལ་བཅས་ཀྱི་དམིགས་བསལ་ཁྱད་ཆོས་རྒྱས་བཤད་བྱས་ཡོད་ལ། ཡུན་ནན་དང་། སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་བོད་འབྲེལ་ཞིང་ཆེན་གྱི་བོད་ལུགས་ཨར་སྐྲུན་གྱི་གནས་ཚུལ་ཡང་རགས་བཤད་བྱས་ཡོད། རྩོམ་པ་པོས་དཔེ་དེབ་ནང་དུ་ཨར་སྐྲུན་ལོ་རྒྱུས་ཀྱི་རྒྱབ་ལོགས་ཀྱི་རིག་གནས་ཀྱི་ནང་སྙིང་སྔོག་འདོན་གཏིང་ཟབ་བྱས་ཤིང་། ཆོས་ལུགས་ཀྱི་དད་པ་དང་། ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་ལམ་ལུགས་སོགས་རྒྱུ་རྐྱེན་གྱིས་ཨར་སྐྲུན་བཟོ་སྐྲུན་ལ་ཐེབས་པའི་ནུས་པ་ལ་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས།
མི་ཉག་ཆོས་ཀྱི་རྒྱལ་མཚན་ནི་རང་རྒྱལ་གྱི་སྐད་གྲགས་ཆེ་བའི་བོད་ལྔོངས་ཀྱི་གནའ་རབས་ཨར་སྐྲུན་གྱི་ཆེད་མཁས་པ་ཡིན་ཞིང་། ༢༠༡༩ལོར་ཀྲུང་གོའི་མི་རིགས་ཨར་སྐྲུན་གྱི་ཚེ་གང་གྲུབ་འབྲས་ཀྱི་བྱ་དགའ་ཐོབ། ད་ཆ་བོད་རང་སྐྱོང་ལྗོངས་ཨར་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གནའ་རབས་ཨར་སྐྲུན་ཚན་ཞིབ་འཆར་འགོད་སུའོ་ཡི་སུའོ་ཀྲང་དང་། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་མཁས་པ་སོགས་ཀྱི་འགན་འཁུར་བཞིན་ཡོད། ༡༩༨༠ལོ་ནས་ད་བར་དུ། མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་སྔ་རྗེས་སུ་བསམ་ཡས་དགོན་པའི་རྒྱ་ཕིབས་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ག རྒྱལ་རྩེ་དཔལ་འཁོར་མཆོད་རྟེན། དགའ་ལྡན་དགོན། སེ་ར་དགོན་སོགས་གནའ་རབས་ཀྱི་ཨར་སྐྲུན༣༠ལྷག་ཙམ་གྱི་ཉམས་གསོའི་ལས་གྲྭར་ཞུགས་ཡོད།
མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་ཤིས་ཚིག་གསུངས་བཞིན་པ།
རྩོམ་པ་པོ་དང་ཀློག་པ་པོའི་དབར་སྤེལ་རེས་བྱེད་བཞིན་པ།
བརྩམས་ཆོས་གསར་པ་འདིའི་ནང་དུ་སྐུ་ཞབས་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱི་ལོ་མང་རིང་གི་ཐུགས་ནུས་དང་ཞིབ་འཇུག་གི་གྲུབ་འབྲས་འདུས་ཡོད་པར་མ་ཟད། ཡོངས་བསྒྲགས་བྱེད་མྱོང་མེད་པའི་བོད་ལྗོངས་ཀྱི་ཨར་སྐྲུན་གྱི་པར་རྙིང་པ་དང་། ལག་བྲིས་རི་མོ། ངོས་མཉམ་རི་མོ་བཅས་ཁག་གཅིག་ཐོག་མར་བསྡུས་ཡོད། དེབ་ཧྲིལ་པོ་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་མངོན་པ་དང་། མཁས་དབང་དང་རིག་གནས་ལ་དགའ་ཞེན་བྱེད་མཁན་ཚོས་བོད་རིགས་ཀྱི་གནའ་བོའི་ཨར་སྐྲུན་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོར་བྱེད་པར་ཁུངས་ལྡན་དཔྱད་གཞི་མཁོ་འདོན་བྱས། མི་རིགས་རིག་གནས་རྒྱུན་འཛིན་དང་སྤེལ་རེས་ལ་སྐུལ་མ་ནུས་ལྡན་ཐེབས་པར་མ་ཟད། རང་རྒྱལ་གྱི་མི་རིགས་ཨར་སྐྲུན་ལོ་རྒྱུས་ཀྱི་ཞིབ་འཇུག་ཁྱབ་ཁོངས་ལ་གསོན་ཤུགས་གསར་པ་སྤྲད་ཡོད།
རྒྱུས་ལོན་བྱུང་པ་ལྟར་ན། ཡོངས་བསྒྲགས་ཚོགས་འདུ་དང་རྩོམ་པ་པོའི་མཚན་འགོད་ངོ་འཕྲད་ཚོགས་འདུའི་ཡུལ་དངོས་ནི་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་གནས་ཤིང་། དེའི་སྔོན་མའི་ཨར་སྐྲུན་ཏེ་རྗེ་འབུམ་སྒང་ལྷ་ཁང་ནི་བོད་ལུགས་ཨར་སྐྲུན་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་དཀྱིལ་འཁོར་གྱི་གྲུབ་ཆར་གཞིགས་ནས་བསྐྲུན་པ་ཞིག་རེད། ༢༠༢༡ལོར་སྲིད་གཞུང་གིས་ཉམས་གསོ་དང་མ་དངུལ་བཏང་སྟེ་སྲུང་སྐྱོང་རང་བཞིན་གྱི་སྒྱུར་བཀོད་བྱས་པ་ནས་བཟུང་། བོད་ལྗོངས་ཀྱི་གནའ་བོའི་སྐྲུན་དངོས་ཐོག་མ་དེ་སྲུང་སྐྱོང་རང་བཞིན་གྱི་སྒྱུར་བཀོད་བྱས་ནས་གྲུབ་པའི་སྤྱི་པའི་རིག་གནས་བར་མཐོངས་ཤིག་རེད། གནས་དེར་སྒྱུར་བཀོད་བྱེད་རིང་། སྐུ་ཞབས་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་རིག་གཞུང་དང་ལག་རྩལ་གྱི་རྒྱབ་སྐྱོར་ཐེངས་མང་བྱས།
དཔེ་དེབ་གསར་པ་འགྲེམས་སྤེལ་དང་རྩོམ་པ་པོའི་མཚན་འགོད་ངོ་འཕྲད་ཚོགས་འདུའི་ཡུལ་དངོས།
ཐི་ཧུའུ་རིག་གནས་ཡུལ་སྐོར་གྱི་མཉམ་འབྲེལ་སྲོལ་གཏོད་པ་ཧྥང་ཁུན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤིས་ཚིག་བརྗོད་སྐབས། སྤྱི་ཚོགས་དང་རིག་གནས་ཁྱབ་ཁོངས་སུ་སྐུ་ཞབས་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་འགན་གལ་ཆེན་དག་གཅིག་ལྕོགས་སུ་བཞེས་ནས་བོད་རིགས་ཀྱི་སྲོལ་རྒྱུན་ཨར་སྐྲུན་ལག་རྩལ་ལ་སྲུང་སྐྱོང་དང་དར་སྤེལ་གཏོང་བར་ནུས་ཤུགས་ཡོད་རྒུ་བཏོན་ཞིང་། བོད་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ལ་ནུས་པ་གལ་ཆེན་བཏོན་པ་མངོན་ཡོད་ཅེས་བརྗོད།ཡོངས་བསྒྲགས་ཚོགས་འདུ་མཇུག་སྒྲིལ་རྗེས། སྐུ་ཞབས་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་ཀློག་པ་པོ་དང་རིག་གཞུང་སྤེལ་རེས་གནང་ཞིང་། ཁོང་གིས་མ་འོངས་པར་མུ་མཐུད་དུ་དེང་རབས་ཀྱི་སྐད་བརྡའི་ཐོག་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་བྱ་རྒྱུ་ཡིན་པ་དང་། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱས་ནས་ཀྲུང་གོའི་མི་རིགས་ཨར་སྐྲུན་ལོ་རྒྱུས་ཀྱི་ཞིབ་འཇུག་དང་རྒྱུན་འཛིན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱིན་ཡིན་ཞེས་བཤད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།