ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར«ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ»པོད་བཅུ་གཉིས་ཅན་པར་སྐྲུན་བྱས།
དེབ་གསར«ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ»པོད་བཅུ་གཉིས་ཅན་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-09-25 09:10:42
ཀློག་གྲངས།:
ཉེ་སྔོན། རེབ་གོང་གྲོང་ཁྱེར་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྲིགས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་པོད་བཅུ་གཉིས་ཅན་དེ་པར་སྐྲུན་འགྲེམས་སྤེལ་བྱས་འདུག

གསུང་འབུམ་འདི་ཉིད་ཀྱི་གྲངས་ཚད་ལ། རྣམ་མགུར་བཞི་དང་། སྤྲུལ་པའི་གླེགས་བམ་དགུ། ཆོས་བཤད་གསུམ། ལེགས་བཤད་གསུམ། གདམས་ངག་གསུམ། ལྟ་བའི་མགུར་གསུམ། ཁྲིད་ཡིག་གི་སྐོར། སྣ་ཚོགས་ཀྱི་སྐོར་བཅས་པོད་བཅུ་གཉིས་དང་། དེའི་ཁར་ཁོང་གི་བཀའི་བསྡུ་བ་པོ་ཉང་སྐྱེས་སྣང་མཛད་རྡོ་རྗེས་ཕྱོགས་བསྒྲིགས་གནང་བའི་སློབ་མ་ཡོན་བདག་གིས་ཕུལ་བའི་བསྟོད་བསྔགས་ཀྱི་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་ཕྱག་དཔེ།སྐོར་དང་ཞབས་དཀར་སྐུ་ཕྲེང་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་རྣམ་མགུར་བསྣན་ཏེ་བསྡོམས་པས་པོད་བཅུ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་པར་བྱས་ཡོད།

ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་ཕྱག་དཔེ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།