ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «བོད་ཀྱི་གསོ་རིག་ལས་བྱིས་པ་དང་མོ་ནད་གསོ་བཅོས་ཀུན་བཏུས»(པོད་གསུམ)པར་དུ་བསྐྲུན་པ།
«བོད་ཀྱི་གསོ་རིག་ལས་བྱིས་པ་དང་མོ་ནད་གསོ་བཅོས་ཀུན་བཏུས»(པོད་གསུམ)པར་དུ་བསྐྲུན་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-10-09 09:03:22
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས«བོད་ཀྱི་གསོ་རིག་ལས་བྱིས་པ་དང་མོ་ནད་གསོ་བཅོས་ཀུན་བཏུས»ཞེས་པའི་པོད་གསུམ་གྱི་བདག་ཉིད་ཅན་གྱི་དཔེ་ཚོགས་ཤིག་པར་དུ་བསྐྲུན་འདུག

དཔེ་ཚོགས་འདིའི་ནང་དུ་བོད་ཀྱི་དུས་རབས་རིམ་བྱོན་གྱི་གསོ་རིག་མཁས་དབང་རྣམས་ཀྱིས་མཛད་པའི«དཔལ་ལྡན་རྒྱུད་བཞི»དང«སྨན་དཔྱད་ཟླ་བའི་རྒྱལ་པོ» «རྒྱུད་བཞིའི་འགྲེལ་བ་བེེཌཱུརྱ་སྔོན་པོ»སོགས་གསོ་རིག་བསྟན་བཅོས་ཁྲོད་ཀྱི་བྱིས་པ་དང་མོ་ནད་སྐོར་གྱི་ཡིག་ཚང་ཚད་ལྡན་དག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད། བྱིས་པའི་ནད་པོད་གཉིས་ཀྱིས་གྲུབ་པ་དང་མོ་ནད་པོད་གཅིག་གིས་གྲུབ། བྱིས་པ་དང་མོ་ནད་ནི་དཔལ་ལྡན་རྒྱུད་བཞི་ཡན་ལག་བརྒྱད་དུ་གྲུབ་པའི་ནང་གི་ཡན་ལག་གཉིས་ཟིན་ཞིང་། བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན།

དཔེ་ཚོགས་འདིའི་ནང་དོན་གཙོ་བོ་ནི་བྱིས་པ་དང་མོ་ནད་ཀྱི་གོ་དོན་དང་མཚན་ཉིད། རྒྱུ་རྐྱེན། རིགས་དབྱེ། ནད་རྟགས། གསོ་བཅོས། སྔོན་འགོག སྨན་སྦྱོར་སོགས་གསལ་ཞིང་རྒྱས་པར་བཀོད་ཡོད། དེ་ནི་བོད་ཀྱི་གསོ་རིག་ལས་བྱིས་པ་དང་མོ་ནད་ཀྱི་སློབ་ཁྲིད་དང་ནད་ཐོག ཚན་རིག་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཡིན་ནོ། །དཔེ་ཚོགས་འདི་ནི་ཆ་ཚང་བའི་སྒོ་ནས་བོད་ཀྱི་གསོ་རིག་ལས་བྱིས་པ་དང་མོ་ནད་སྐོར་གྱི་ཡིག་ཚང་ཕྱོགས་བསྒྲིགས་ཐོག་མ་ཡིན་པས། བྱིས་པ་དང་མོ་ནད་སྐོར་གྱི་ཡིག་ཚང་ལེགས་སྒྲིག་སྲུང་སྐྱོབ་དང་ནད་ཐོག་ལག་ལེན། ཚན་རིག་ཞིབ་འཇུག ཚན་རྩལ་ཁྱབ་གདལ། སློབ་གསོ་སློབ་ཁྲིད། འཚོལ་བཤེར་བེད་སྤྱོད་སོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པར་མ་ཟད། བོད་ཀྱི་བྱིས་པ་བུད་མེད་རྣམས་བདེ་ཐང་ཡོང་བ་དང་བོད་སྨན་ལས་དོན་འཕེལ་རྒྱས་ཆེན་པོ་འབྱུང་བར་ནུས་པ་ཆེན་པོ་ཐོན་པར་གདོན་མི་ཟའོ། །

དཔེ་ཚོགས་འདི་ནི་མགོ་ལོག་བོད་སྨན་རྩིས་ཁང་གིས་རོགས་སྐྱོར་ཆེན་པོའི་འོག་ཏུ། སྨན་པ་གྲགས་ཅན་གསང་བདག་ཚེ་རིང་གིས་གཙོ་སྒྲིག་གནང་ཞིང་། གསོ་རིག་འབུམ་རམས་པ་བཀྲ་ཤིས་དོན་གྲུབ་དང་དཔེ་སྐྲུན་པ་བསོད་ནམས་བཀྲ་ཤིས་ཀྱིས་གཙོ་སྒྲིག་གཞོན་པའི་འགན་བཞེས་ཏེ་ལེགས་གྲུབ་བྱུང་བ་ཞིག་ཡིན། རྒྱལ་སྨན་ཆེན་མོ་གོ་འཇོ་དབང་འདུས་མཆོག་དང་། སྨན་པ་གྲགས་ཅན་མཚོ་སྐྱིད། དགེ་རྒན་ཆེན་མོ་རྣམ་རྒྱལ་ཐར་བཅས་ཀྱིས་མགོ་བརྗོད་བྲིས་པའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།