«ཤེས་རབ་རྒན་པོའི་འབེལ་གཏམ»(སྟོད་སྨད་ཆ)པར་དུ་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:«སྦྲང་ཆར» དུས་ཚོད།:2025-12-26 08:21:21 ཀློག་གྲངས།:
       ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས«ཤེས་རབ་རྒན་པོའི་འབེལ་གཏམ»(སྟོད་སྨད་ཆ)པར་དུ་བསྐྲུན། དཔེ་དེབ་འདི་ནི་དུས་དེབ«སྦྲང་ཆར»གྱི“ཤེས་རབ་རྒན་པོའི་འབེལ་གཏམ”ལེ་ཚན་གྱི་དྲི་བ་དང་དྲིས་ལན་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་གྲུབ་པ་ཞིག་ཡིན།
       «སྦྲང་ཆར»གསར་སྤེལ་བྱས་ནས་ད་ལྟའི་བར་དུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས“ཤེས་རབ་རྒན་པོའི་འབེལ་གཏམ”ལེ་ཚན་ལ་ཤེས་བྱ་སྣ་ཚོགས་ཀྱི་དྲི་བ་གང་མང་ཞིག་རིམ་པར་བཏོན་པ་ལ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་དང་། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ། དུང་དཀར་བློ་བཟང་འཕྲིན་ལས། དོར་ཞི་གདོང་དྲུག་སྙེམས་བློ། འཇིགས་མེད་ཐེག་མཆོག བཤད་སྒྲུབ་རྒྱ་མཚོ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ནོར་བྲང་ཨོ་རྒྱན། ཤེར་གྲགས། བཙན་ལྷ་ངག་དབང་ཚུལ་ཁྲིམས། བྱམས་པ་འཕྲིན་ལས། མི་ཉག་མགོན་པོ། པདྨ་བདུད་འདུལ། རྡོ་རྗེ། རྟ་མགྲིན་རྒྱལ་སོགས་བོད་ཀྱི་མཁས་དབང་མང་བོས་དྲི་བ་རེ་རེར་གཟུ་བོར་གནས་པའི་ལན་བཏབ་པར་རྒྱ་ཆེའི་ཀློག་མཁན་ཚོའི་དགའ་བསུ་ཆེན་པོ་ཐོབ།
       དུས་མཚུངས་སུ་དཔེ་དེབ་ཏུ་བསྒྲིགས་ཏེ་པར་སྐྲུན་བྱས་ན་ལེགས་ཚུལ་གྱི་དགོངས་འཆར་ཡང་ཟམ་མ་ཆད་པར་བཏོན་པས། ང་ཚོས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་། དེ་མིན་བོད་ཀྱི་རིག་གནས་སློབ་གཉེར་པ་རྣམས་ལ་དེབ་འདི་འདྲ་ཞིག་ཉེ་བར་མཁོ་ཞིང་སྨན་པར་མཐོང་བས། «སྦྲང་ཆར»དུ་བཀོད་པའི་དྲི་བ་ལྔ་བརྒྱ་དང་བཅོ་བརྒྱད་ལོངས་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དེབ་སྟོད་སྨད་འདི་གཉིས་པར་སྐྲུན་བགྱིས་པ་ལགས།

ཞེས«སྦྲང་ཆར»རྩོམ་སྒྲིག་ཁང་གིས།
༢༠༢༥ལོའི་ཟླ༡༢པའི་ཚེས༢༤ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།