«བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས་ཞིབ་འཇུག»ཅེས་པ་པར་དུ་བསྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-02-06 08:55:11 ཀློག་གྲངས།:
       ཉེ་ཆར། མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ལུང་ཡུན་འཆིང(རྣམ་རྒྱལ·ལུང་ཡུན་འཆིང)གི་རིག་གཞུང་དེབ་གསར«བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་ལུགས་ཞིབ་འཇུག»ཅེས་པ་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
       དེབ་འདི་ནི་བོད་རྒྱ་ཡིག་རིགས་སོགས་ལོ་རྒྱུས་ཀྱི་རྒྱུ་ཆ་སྣ་ཚོགས་ལ་ཁུངས་གཏུགས་ནས་རང་རྒྱལ་གྱི་གནའ་བོའི་བཙན་པོའི་རྒྱལ་རབས་དང་བོད་ཀྱི་ཁྲིམས་ལུགས་ཤེས་རིག་གི་འཕེལ་རིམ་ལ་ཞིབ་འཇུག་བགྱིས་པའི་རིག་གཞུང་བརྩམས་ཆོས་ཤིག་ཡིན། དེབ་ཧྲིལ་པོར་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་རིང་ལུགས་དང་ཁྲིམས་ལུགས་རིག་པའི་གཞུང་ལུགས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ལོ་དུས་རབས7པ་ནས9པའི་བར་གྱི་ལོ་ངོ་ཉིས་བརྒྱ་ལྷག་གི་བཙན་པོའི་རྒྱལ་རབས་ཀྱི་སྲིད་སྐྱོང་ལོ་རྒྱུས་དང་། མདོ་དབུས་ས་མཐོར་བཙུགས་པའི་ཁྲིམས་ལུགས་མ་ལག་གསལ་བཀྲོལ་གནང་ཡོད།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
       ལུང་ཡུན་འཆིང(རྣམ་རྒྱལ·ལུང་ཡུན་འཆིང)།མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་ཁྲིམས་རིག་པའི་འབུམ་རམས་པ། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཁྲིམས་རིག་པའི་འབུམ་རམས་པ་ཕྱི་ཚར། སློབ་གསོ་པུའུ་མི་ཆོས་སྤྱི་ཚོགས་ཚན་རིག་གཙོ་གནད་ཞིབ་འཇུག་རྟེན་གཞི་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་བཅའ་ཁྲིམས་ལོ་རྒྱུས་ཞིབ་འཇུག་སློབ་གླིང་གི་གདན་ཞུས་སློབ་དཔོན། ཀྲུང་གོའི་ཁྲིམས་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ཁྲིམས་རིག་པའི་ལྷན་ཚོགས་བཅའ་ཁྲིམས་ལོ་རྒྱུས་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོའི་ཁྲིམས་རིག་པའི་ལྷན་ཚོགས་མི་རིགས་ཁྲིམས་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན། ཀྲུང་གོའི་བཅའ་ཁྲིམས་ལོ་རྒྱུས་རིག་པ་མི་རིགས་བཅའ་ཁྲིམས་རིག་གནས་ཡན་ལག་ཚོགས་པའི་ལག་བསྟར་ཚོགས་གཙོ་དང་ཀན་སུའུ་ཞིང་ཆེན་ཁྲིམས་རིག་པའི་ལྷན་ཚོགས་ཁྲམ་ཤིང་ཁྲིམས་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ།མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་པའི་ཆེད་ལས་རིག་ཚན་གྱི་སྣེ་ཁྲིད་པ། མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་རིག་གཞུང་གླིང་གཙོ། མཚོ་སྔོན་མི་རིགས་སློབ་ཆེན་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཁྲིམས་སྐྱོང་འཐབ་ཇུས་ཞིབ་འཇུག་གླིང་གི་གླིང་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སློབ་གསོ་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་མཚོ་སྔོན་ཡན་ལག་སློབ་གླིང་། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་ནས་བདམས་ཐོན་གཏན་ཁེལ་བྱས་པའི་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་གསོ་སྦྱོང་གི་ཆེད་མཁས་པའི་དཔུང་སྡེའི་རིགས་གཅིག་མཁས་ཅན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་པེ་ཅིན་དགེ་འོས་སློབ་ཆེན་གྱིས་མཉམ་དུ་བསྐྲུན་པའི་ཞིང་ཆེན་དང་པུའུ་རིམ་པའི་ཚན་རིག་ཞིབ་འཇུག་གི་སྟེགས་བུ་སྟེ་མདོ་དབུས་མཐོ་སྒང་གི་ཚན་རིག་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་། མཐོ་སྒང་མི་རིགས་རིག་གནས་ཞིབ་འཇུག་ཚོགས་པའི་སྣེ་ཁྲིད་པ། མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་ཁྲིམས་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཆོས་ལུགས་དང་བཅའ་ཁྲིམས་ཞིབ་འཇུག་ལྟེ་གནས། ནན་ཅིན་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་ཁྲིམས་འཛིན་རིག་གནས་ཞིབ་འཇུག་ལྟེ་གནས། ནན་ཅིན་དགེ་འོས་སློབ་ཆེན་ཁྲིམས་སྐྱོང་དེང་རབས་ཅན་ཞིབ་འཇུག་གླིང་། ནུབ་བྱང་སྲིད་ཁྲིམས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ཀྱི་གདན་ཞུའི་སློབ་དཔོན་གྱི་འགན་བཞེས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།