ངོས་དང་པོ > སྐབས་དོན། > སྤྱི་ཚོགས་དཔལ་འབྱོར། > ཀྲུང་གོའི་མཚོ་སྔོན་ཚོང་གཏམ་ཚོགས་འདུ་སྐབས་བཅུ་དགུ་བ་སྤེལ་བ།
ཀྲུང་གོའི་མཚོ་སྔོན་ཚོང་གཏམ་ཚོགས་འདུ་སྐབས་བཅུ་དགུ་བ་སྤེལ་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-06-28 09:20:00
ཀློག་གྲངས།:20567
ཐེངས་འདིའི་འགྲེམ་ཚོགས་སུ“རྒྱུད་གཅིག་ལམ་གཅིག”དང་། ནུབ་རྒྱུད་དར་སྤེལ་ཆེན་མོ། ཤར་ནུབ་ཁག་མཉམ་ལས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གཞི་གཅིག་ཏུ་སྡེབ་སྟེ། མགོ་རྩོམ་དང་མཇུག་བསྡུ་བའི་བྱ་འགུལ་རབས་དང་རིམ་པ་དང་། བརྗོད་དོན་བྱ་འགུལ། དངུལ་གཏོང་སྐུལ་སྤེལ་བྱ་འགུལ། འགྲེམ་སྟོན། མཚོ་སྔོན་པོར(རྒྱལ་སྤྱིའི)བསྐོར་བའི་རླངས་འཁོར་འགྲན་བསྡུར་སྐབས་ལྔ་བའི་བྱ་འགུལ་རྣམ་གྲངས50བཅས་འདུས།
གྲོས་མོལ་ཚོགས་འདུའི་སྟེང་ཁྱད་ཆོས་གཙོ་བོ་ལྔ་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྒོས“ལྗང་མདོག་འཕེལ་རྒྱས”ཀྱི་བགྲོད་ལམ་གསར་བར་བསྐྱོད་པ་དང་། གསར་དར་ཐོན་ལས་གསོ་སྐྱོང་སྒོས“གསར་སྐྲུན་སྣེ་ཁྲིད”བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་བསྟུན་པར་བརྒྱུད“དཔལ་འབྱོར་སྒོ་འབྱེད”ཀྱི་མཉམ་ལས་གསར་བར་སྐུལ་སྤེལ་བྱེད་པ། ཁྱད་ལྡན་གྱི་བྱ་འགུལ་ལག་བསྟར་བརྒྱུད“མ་རྩ་འདྲེན་འགུག”གི་བགྲོད་ལམ་གསར་བར་བསྐྱོད་པ། བཟོད་སྒོམ་དང་ཡིད་རྟོན་ལ་བརྟེན་ནས“གཉིས་ཕན”གྱི་རྣམ་པ་གསར་བ་བསྐྲུན་པ་བཅས་ཡིན།
སྐབས་འདིའི་མཚོ་སྔོན་ཚོང་ཚོགས་ཁང་དུ་འགྲེམ་ཁུལ་བསྡོམས་པས་སྨི་གྲུ་བཞི་མ་ཁྲི5སྟེ། དེར་དངུལ་གཏོང་མཉམ་འབྲེལ་ཁང་དང་། ཐོན་ལས་མཐུན་སྦྱོར་ཁང་། མཐོ་སྒང་ཆེན་དོན་ཁང་། ཁེ་ལས་འབྲེལ་འདྲིས་ཁང་། ཁྱད་ལྡན་ཚོང་རྫས་ཁང་བཅས་བཙུགས་ཤིང་། བསྡོམས་པས་ཁྱད་ཇུས་འགྲེམ་ཁང51དང་། ཚོང་རྫས་ཚོང་དོན་འགྲེམ་གནས400ཡོད། འགྲེམ་ཞུགས་ལས་ཁུངས་བསྡོམས་པས་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས། གླིང་ཁུལ་སོགས70འདུས། དེ་ལས་ལས་ཁུངས108ཀྱིས་མཚོ་སྔོན་ཁྱད་ལྡན་ཁེ་ལས་ཀྱི་ཚབ་བྱས་ཏེ་སྐབས་འདིའི་མཚོ་སྔོན་ཚོང་ཚོགས་ཀྱི་ཕུལ་བྱུང་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དུ་ཞུགས་པ་ཡིན་ལ། རྒྱང་རིང་ནས་སླེབས་པའི་སྐུ་མགྲོན་ལ་མཚོ་སྔོན་གྱི་ཁྱད་ལྡན་འགྲེམ་སྟོན་བྱེད་པ་ཡིན། འགྲེམ་ཞུགས་ཀྱི་ཚོང་རྫས་སྣ་ཚོགས་ཡོད་དེ། ཞིང་ཕྱུགས་ཐོན་རྫས་དང་། ལུག་ཤ་དང་སྐམ་ཤའི་སྐོར། ནས་ཆང་གི་སྐོར། ཁུ་ནུ་གཡང་ཊི། བོད་སྨན། བོད་ཀྱི་ས་གདན། བལ་ཁུལ་ཐོན་རྫས་སོགས་སྣ18དང་ཁྱད་ལྡན་ཚོང་རྟགས་གྲགས་ཀྱི་ཐོན་རྫས600འདུས།
སྐབས་འདིའི་ཚོང་ཚོགས་ལ་མཚོན་ན། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ཁུངས་དང་ཐོན་ལས་ཀྱི་ལེགས་ཆ་ལ་བརྟེན་ནས་ཚོང་ལས་ལས་གཞི197ཕྱིར་བཏོན་ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར2300ལྷག་བཏང་བ་ཡིན། དེའི་ཁྲོད་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། མདོག་ལྡན་ལྕགས་རིགས་ལས་སྣོན། གྱོན་ཆས་བཟོ་སྐྲུན། རྫས་འགྱུར་བཟོ་ལས། ཡང་བའི་བཟོ་ལས། རྣམ་པ་གསར་བའི་རྒྱུ་ཆ། རིག་གནས་ཡུལ་སྐོར། གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན། ཐོན་ལས་གླིང་ཁུལ། ཟོག་འདྲེན་སོགས་ཁྱབ་ཁོངས་མི་འདྲ་བ11ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།