ཁྲི་ཀ་རྫོང་གིས་ཚོང་འགུག་དངུལ་འདྲེན་གྱི་སྒོར་དུང་ཕྱུར3.7བརྩོན་ལེན་བྱས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-04-12 09:12:00 ཀློག་གྲངས།:

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས10ཉིན། ཁྲི་ཀ་རྫོང་གིས་སིལ་སྡོང་མེ་ཏོག་དུས་ཆེན་སྐབས་ཚོང་འགུག་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར3.7བརྩོན་ལེན་བྱས། རྒྱ་ཆེའི་ཚོང་བ་རྣམས་ཀྱིས་མིང་རྟགས་འགོད་པའི་མཛད་སྒོའི་སྟེང་། རྫོང་འདིའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མ་དངུལ་འཇོག་པའི་མཐུན་རྐྱེན། ཁེ་ཕན་སྲིད་ཇུས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། ཉིན་དེར་ཕྱུག་སྨན་ཐོན་སྐྱེད་དང་ཞིང་ལས་མཉམ་ལས་ཁང་གི་སྒོང་སྐྱེས་རྟེན་གཞི། སུའུ་ཉིན་ཡེ་གུག་ཚོང་གཉེར་ཁང་། གློག་འཕྲིན་སྒྲིག་གཞི་སྡེབ་འཚོང་དང་བློ་བཟང་ཚན་རྩལ་གསོ་སྦྱོང་ལྟེ་གནས་སོགས་ཀྱི་འབྲེལ་ཡོད་ལས་གཞི8ལ་གན་རྒྱའི་མིང་རྟགས་བཀོད།
        དེའི་ནང་མཚོ་སྔོན་ཞི་ཐོང་སྐྱེ་ཁམས་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱེད་པའི་ཁྲི་ཀ་རྫོང་གི་སྦྲེལ་དྲ+སྐྱེ་ཁམས་ཚན་རྩལ་ཞིང་ལས་ལྟ་སྐོར་དཔེ་སྟོན་གླིང་འཛུགས་པར་སྤྱི་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.98གཏང་རྒྱུ་ཡིན་པ་དང་། ཟི་ལིང་ཧྥིན་ཡོན་ཞིང་ཕྱུག་ཚན་རྩལ་ཚད་ཡོད་ཀུང་ཟིས་ཕྱུག་སྨན་ཐོན་སྐྱེད་རྒྱ་བསྐྱེད་འཛུགས་སྐྲུན་ལས་གཞིའི་ཐད་མ་དངུལ་སྒོར་ཁྲི5000གཏང་རྒྱུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་བན་ཧི་ཚོགས་པའི་ཅིན་ཏེན་ས་ཁང་བདག་ཁོངས་དར་སྤེལ་ཚད་ཡོད་ཀུང་ཟིས་ཞིང་ལས་མཉམ་ལས་ཁང་གི་སྒོང་སྐྱེས་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་ལ་སྤྱི་བསྡོམས་པས་མ་དངུལ་སྒོར་ཁྲི5000གཏང་རྒྱུ་རེད།
        མིང་རྟགས་འགོད་པའི་མཛད་སྒོ་མཇུག་རྫོགས་རྗེས། ཁྲི་ཀ་རྫོང་གི་རྫོང་ཨུའི་རྒྱུན་ཨུའམ། རྫོང་དཔོན་གཞོན་པ་བའོ་ཀྲུ་ཧྭ་ཡིས་གསར་འགོད་པར་བཤད་རྒྱུར། གན་རྒྱ་འཇོག་པ་ནི་ཚོང་འགུག་དངུལ་འདྲེན་བྱ་བའི་གོམ་པ་དང་པོ་ཡིན་པས། ལས་གཞི་འཛུགས་སྐྲུན་ལེགས་པོ་བྱས་ཏེ་ཁེ་ཕན་བཟང་བོ་ཞིག་བླངས་ན་ད་གཟོད་དོན་དངོས་ཀྱི་རྒྱལ་ཁ་ཡིན་ལ། ང་ཚོ་མཉམ་འབྲེལ་བ་ཚོའི་རེ་སྨོན་དང་དམིགས་འབེན་ཡང་ཡིན། ང་ཚོས་མུ་མཐུད་དུ་སྔར་ལས་བཟང་བོའི་བྱེད་ཐབས་མང་པོ་དང་། སྔར་ལས་ལྷག་པའི་སྲིད་ཇུས་དང་ཞབས་ཞུ་བརྒྱུད་ནས། ཚོང་མགྲོན་པ་ཚོར་བློ་བདེ་བག་ཕེབས་དང་འཕེལ་རྒྱས་ལ་ཡིད་ཆེས་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་ངེས་ཡིན་ཟེར། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།